e-texts navigator
Collection
Volume
Page
Wylie

100b1 འདྲ་བ་རྣམས་ཀྱིས་ཀྱང་། ཚུལ་ཁྲིམས་དང་། ཆོ་ག་དང་། འདུལ་བ་དང་། སྤྱོད་ཡུལ་རྣམས་དང་། སེམས་ཅན་གྱི་ཁམས་གུང་དུ་བསྒྱུར་ནས། སེམས་ཅན་ཡོད་དོ།། སྲོག་ཡོད་དོ།། གང་ཟག་ཡོད
100b2 སྙམ་དུ་སེམས་ཤིང་། ཐར་པ་ནི་འདི་ལྟ་བུ་ཞིག་གོ།། སྤྱོད་པ་ནི་འདི་ལྟ་བུ་ཞིག་གོ་སྙམ་ནས་སྤྱོད་པ་དང་། སེམས་ཅན་དང་། ཟར་པར་དང་། རྟག་པ་དང་། དེ་ཁོ་ན་ཉིད་མ་ཤེས་ཏེ། དོན་གཞན་ལ
100b3 བརྩོན་པས་ཐར་པའང་མི་འཐོབ་ལ། ཚུལ་ཁྲིམས་དང་། ཆོ་ག་དང་། སྤྱོད་ཡུལ་དང་། འདུལ་བ་དང་། རྟག་པ་དང་། དེ་ཁོ་ན་ཉིད་ཀྱང་མི་སྙེད་དེ། མི་རྒོད་ཀྱི་མར་བཞིན་དུ་འཇིག་རྟེན་པ་རྣམས
100b4 ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་མི་འཐོབ་ལ། དེ་དག་སེམས་ཅན་ཚངས་པ་སྤྲུལ་པ་ནི་རྟག་གོ་སྙམ་དུ་འཛིན་ཅིང་། བདག་ནི་ཐར་པ་ཡིན་ནོ་སྙམ་དུའང་འཛིན་ལ། ཆོམ་ཤོད་པ་རྣམས་ཀྱི་འོ་མ་བཞིན་དུ་དེ་ཁོ་ན
100b5 མི་ཤེས་སོ།། དེ་དག་ཚངས་པར་སྤྱོད་པའི་རྒྱུ་དང་། གཞན་གྱི་ཆུང་མ་སྤངས་པའི་རྒྱུ་དང་། ཕ་མ་ལ་ཕུད་དུང་བྱས་པའི་རྒྱུས་ན། ཆོམ་ཤོད་པ་རྣམས་ཀྱི་འོ་མ་མ་རུང་བའི་ལྷག་མ་ཙམ་ཞིག་ཡོད་པ་བཞིན
100b6 དུ་མཐོ་རིས་ཀྱི་བདེ་བ་ཆ་ཤྲས་ཙམོ་ཞིག་ཐོབ་སྟེ། ལོངས་སྤྱོད་པར་བྱེད་ལ། དེ་དག་གིས་ཕ་མ་ལ་བུད་དུད་དུ་བྱ་བ་ཇི་ལྟ་བུ་ཡིན་པའང་མི་ཤེས། གསུམ་ལ་སྐྱབས་སུ་འགྲོ་བ་ཇི་ལྟ་བུ་ཡིན་པའང་མི་ཤྭེ།
100b7 གཞན་གྱི་རླུང་མ་སྤངས་པ་ཇི་ལྟ་བུ་ཡིན་པའང་མི་ཤེས། རྟག་པ་ཇི་ལྟ་བུ་ཡིན་པའང་མི་ཤེས་སོ།། དེ་ལ་སངས་རྒྱས་ཀྱི་སྤྲུལ་པ་ནི་མི་རྟག་པ་ཡིན། བརྫུན་པ་ཡིན་ཏེ། དེས་ན་འཇིག་རྟེན་པ་རྣམས་དེང་ཞེན




iiif viewer powered by OpenSeadragon

100a - 101a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo