| | e-texts navigator
|
407a1 དབྱུང་བར་བྱས་ལ་གཞུག་པར་མི་བྱ། གལ་ཏེ་ཁྱིམ་པའི་ཁྱིམ་དུ་འཇུག་ན་མ་རྗེ་རྒྱུབ་ལོགས་སུ་བསྟན་པར་བྱ། གལ་ཏེ་མརྡོ་ཁྱིམ་པའི་ཁྱིམ་དུ་བསོད་སྙོམས་ལ།
407a2 འགྲོ་དགོས་པའི་རྐྱེན་ཚོགས་བྱུང་ན་འཁར་གསིལ་ལན་གསུམ་དུ་དཀྲོལ་བར་བྱའོ།། ལན་གསུམ་དུ་དཀྲོལ་ཏེ་མ་འོངས་ན་ལན་ལྔའི་བར་དུ་དཀྲོལ་བར་བྱའོ།། ལན་ལྔའི་བར་དུ་དཀྲོལ་ཏེ།
407a3 མ་འོངས་ན་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།། ལན་བདུན་གྱི་བར་དུ་དཀྲོལ་ཏེ་མ་འོངས་ན་ཁྱིམ་གཞན་དུ་ལན་བདུན་གྱི་བར་དུ་དཀྲོལ་བར་བྱའོ།། ཁྱིམ་བདུན་གྱི་བར་དུ་ཕྱིན་ཏེ་ཆོག
407a4 བཔར་གྱུར་ན་ཡང་དེར་ཟས་ཀྱི་བྱ་བ་བྱའོ་ཞེས་ལན་གསུམ་གྱི་བར་དུ་བཟླས་པར་བྱའོ།། འཁར་གསིལ་བརྐྱང་བའི་ཆོས་ཉི་ཤུ་རྩ་ལྔ་ཡོད་དེ། ས་ལ་སྤྲུལ་ཡོད་པ་བསྲུང་བའི་ཕྱིར་བཅང
407a5 པར་བྱ་བ་དང་། རྒས་པའི་ཕྱིར་བཅང་བར་བྱ་བ་དང་། བསོད་སྙོམས་སྤྱོད་པའི་ཕྱིར་བཏུང་བར་བྱ་བ་དང་། འབྱུང་ཞིང་འཇུག་པརའང་སྐུ་གཟུགས་མཐོང་བའི་ཚེ་སྒྲ་དཔུང
407a6 བར་བྱ་བ་དང་། འཁར་གསོལ་ཐོགས་ནས་དགེ་འདུན་གྱི་ནང་དུ་འཇུག་པར་མི་བྱ་བ་དང་། རྡོ་ཡོལ་ཕན་ཆད་འཁར་གསིལ་ཐོགས་ནས་འགྲོ་བར་མི་བྱ་བ་དང་། ཕྲག་པ་གཉིས་ལ
407a7 བཀལ་ཏེ་མགོ་བོ་གཉིས་ལ་དཔྱད་པར་མི་བྱ་བ་དང་། ཕྲག་པས་བཀུར་བར་མི་བྱ་བ་དང་། ལག་པར་དཀྱོག་པར་མི་བྱ་བ་དང་། འཁར་གསི་ལ་ཐོགས་ནས་པ་ཤང་གཅིའི་ས་འགྲོ་བ
iiif viewer powered by OpenSeadragon
406b - 407b