e-texts navigator
Collection
Volume
Page
Wylie

279b1 སྨིག་རྒྱུ་སྣ་བཞིན་ང་ཡིར་མི་མངབ་པ།། དགེ་བའི་ཆོས་ཚུལ་ཁྱོད་ལ་ཕྱག་འཚལ་ལོ།། སྡེ་བ་ནི་སྐྱེ་གང་དུའང་སྐྱེ་མ་ལགས།། སྐྱེ་དང་འཇིག་དང་གང་དུའང་མི་བས་པ།། ཆོས་ཀྱི་གནས་ཉིད་།
279b2 ཇི་ལྟའི་གནས་ལ་གནས།། གནས་ལ་མི་གནས་རྒྱལ་ལ་ཕྱག་འཚལ་ལོ།། དེ་བཞིན་ཁོ་ན་དེ་བཞིན་ཡང་དག་གསུང་།། རྟག་ཏུ་མི་གཡོ་དེ་བཞིན་ཉིད་ལ་ཞུགས།། ལྷུན་པོའི་རྒྱལ་མཚན
279b3 རྡོ་རྗེ་འདྲ་བའི་སྐུ།། མི་གཡོ་རི་རབ་མཚུངས་ལ་ཕྱག་འཚལ་ལོ།། སཱུ་ནི་དབེན་ཞིང་མཉམ་ཐུགས་བློ་ལྡན་པ།། གྲགས་པ་མཐའ་ཡས་འཇིག་རྟེན་གསུམ་དུ་གྲགས།། སྐྱེས་བུ་མ་ཆོག་ལ
279b4 ཞུ་བ་ཞུས་པ་རྣམས།། འཇིག་རྟེན་ཟླ་བས་མྱུར་དུ་སྐབས་དབྱེར་གསོལ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་རིན་པོ་ལྷའི་ཅོད་པན་གྱིས་ཚུལ་དང་འདྲ་འི་ཚིགས་སུ་བཅད་པ་འདི་དག་གིས
279b5 བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས།། འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་རྨད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སཔས་ཕྱེ་ན།། དེ་བཞིན་གཤེག
279b6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས་དཔའ་སེམས་དཔའ
279b7 ཆེན་པོ་ལྷའི་ཅོད་པན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང




iiif viewer powered by OpenSeadragon

279a - 280a

Texts on this page

Ty036-006 - 'phags pa mi 'am ci'i rgyal po sdong pos zhus pa zhes bya ba theg pa chen po'i mdo