| | e-texts navigator
|
278a1 རྒྱལ་པོ་དང་། ཚངས་དབྱངས་དང་། བཟང་སྐྱོང་དང་། དཀོན་མཆོག་འབྱུང་གནས་དང་། དེད་དཔོན་བཟང་པོ་དང་། མིས་བྱིན་དང་། ཆུ་ལ་དང
278a2 བཇམ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་དང་ཐབས་ཅིག་ཏུ་བཞུགས
278a3 སོ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་བརྒྱ་བྱིན་དང་།། ཚངས་པ་དང་།། འཇིག་རྟེན་སྐྱོ་པ་དང་།། དེ་ལས་གཞན་པ་ལྷ་དང་། ཀླུ་དང་།། གནོད་སྦྱིན་དང་།
278a4 དྲི་ཟ་དང་། ལྷ་བ་ཡིན་དང་ནམ་མཁའ་ལྡིང་དང་། མི་འམ་ཅི་དང་།། ལྟོ་འཕྱེ་ཆེན་པོ་དང་། མི་མ་མི་མ་ཡིན་པ་རྣམས་བཅོམ་ལྡན་འདས་ལང་ལྔ་པ་དང་། ཕྱག་བྱ་བ་དང་།། བསྙེན་དཀུར།
278a5 བྱ་བ་དང་།། ཆོས་མཉན་པའི་ཕྱིར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཅོད་པན་ཞེས་བྱ་བ་འཁོར་དེ་ཉིད
278a6 དུ་འདུས་པ་དེས། བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དེ་འདུས་པར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ
278a7 མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས།། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ
iiif viewer powered by OpenSeadragon
277b - 278b