e-texts navigator
Collection
Volume
Page
Wylie

276b1 ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་ཅི་རིགས་པར་ཆོས་སྟོན་པ།། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱི་བྱ་བ་ལ་མཁས་པས། སེམས་ཅན་ཐམས
276b2 ཅད་ཀྱི་སེམས་ཀྱི་འཇུག་པ་དང་བཏགས་པ་ལ་བདེ་དྲག་ཏུ་མཁས་པ། མི་འཇིགས་པ་ཆེན་པོས་འཇིགས་པ་མེད་པ་དང་། རྒ་བ་དང་། ན་བ་དང་། འདྲི་བ་དང་། ཉོན་མོངས་པ་རབ་ཏུ་ཞི་བར་བྱེད
276b3 པ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པས།། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག
276b4 པ་སྟོང་པ་ཉིད་དང་།། མཚན་མ་མེད་པ་དང་། སྟོན་པ་མེད་པའི་ཆོས་ཐམས་ཅད་ལ་མོས་པ། རྣམ་པར་གྲོལ་བ། སྨོན་ལམ་ཤིན་ཏུ་བཏབ་པ།། སེམས་ཅན་དང་། ཆོས་ཐམས་ཅད
276b5 སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། ཆུ་ཟླ་དང་། མིག་ཡོར་དང་། ཟུག་ཆ་དང་། ནམ་མཁའ་དང་མཚུངས་པར་མོས་པ། སྒྲ་སྐད་ཐམས་ཅད་ངེས་པའི་ཚིག་གིས་སྟོན་པའི་ཡེ་ཤེས
276b6 ལ་མཁས་པ། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པ།། འཇིག་རྟེན་ལས་འདས་ངའི་ཤེས་རབ་ཀྱི་དབང་པོ་ལ་རྟོག་པ་རྟོགས་པར
276b7 ཁོང་དུ་རུད་པ། ཤུགས་ཆེན་པོ་འཛིན་པའི་སྟོབས་བཅུ་ལ་ཉེ་བར་གྱུར་པ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་།། ཆོས་ཀྱི་མིག་དང་། སངས་རྒྱས




iiif viewer powered by OpenSeadragon

276a - 277a

Texts on this page

Ty036-006 - 'phags pa mi 'am ci'i rgyal po sdong pos zhus pa zhes bya ba theg pa chen po'i mdo