| | e-texts navigator
|
276a1 སྨད་པ་དང་། བདེ་བདུང་།། སྡུག་བསྔལ་ལས་རབ་ཏུ་འདས་པ།། པས་ཀྱི་རྒོལ་བ་ངན་པའི་ཚོགས་ཅན་གྱི་ཚོགས་ཐམས་ཅད་ཀུན་ཏུ་རབ་ཏུ་འཇོམས་པ། བདུད་དང་།
276a2 ཉོན་མོངས་པའི་རྒོལ་བ་བཅོམ་པ། ཨུ་དུམ་ལ་རྭའི་མེ་ཏོག་མཐོང་བ་ལྟར་ཤིན་ཏུ་འབྱུང་བར་དཀའ་བ།། གསོར་བར་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཆེན་བྱེད་པ།། ཡོངས་སུ
276a3 མྱ་ངན་ལས་འདས་པའི་བར་དུ་གཏན་དུ་མཛའ་བྲ། སེང་གེའི་སྒྲ་ཆེན་པོ་རྫོགས་པ། སངས་རྒྱས་ཀྱི་ཆོས་ཟབ་མོ་དང་མི་འཇིགས་པ་སྒྲོགས་པ།། དེ་བཞིན་ག་ཤེགས་པའི་ཕྱག་རྒྱས་བཏབ་པ།
276a4 འཁྲུགས་པར་བྱིན་པར་ལུང་བསྟན་པ། ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པ། དེ་ཁོ་ནའི་རོས་ཀྱི་ཚུལ་ལ་བརྩོན་པ། བོད་ཀྱིས་ཉི་མ་དང་ཟླ་བ་མོག་མོག་པོར་བྱེད་པ། ཕྱོགས་བཅུར་སྨྲ་བསྒྲགས་པ།
276a5 སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཤིན་དུ་བྱིན་གྱིས་བརླབས་པ།། ཆོས་དཀོན་མཆོག་གི་མཛོད་ཡང་དག་པར་འཛིན་པ། དཀོན་མཆོག་གསུམ་གྱི་རིགས་མི་གཅོད་པར་ཡིད
276a6 ལ་བྱེད་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ་མཁས་པ། ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ལ་གནས་པའི་བློ་དང་ལྡན་པ། མཐོང་བ་དང་ཐོས་པ་དོན་ཡོད་པས
276a7 རྣམ་པར་གནོན་པ། རྟག་པར་རྒྱུན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པའི་ཕ་རོལ་ཏུ་སོན་པ། སེམས་ཅན
iiif viewer powered by OpenSeadragon
275b - 276b