| | e-texts navigator
|
275b1 གཞན་བྱང་ཆུབ་ཀྱི་སེམས་ཡང་དག་པར་བཛིན་དུ་འཇུག་པ། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། བཟོད་པ་དང་། ངེས་པ་དང་། བཕངས་པའི་དངོས་པོ་ཐམས་ཅད་ཡོངས་སུ
275b2 གཏོང་བ་ཡོངས་སུ་བསྔོ་བའི་ཆོག་ཤེས་པ་། ལུས་དང་། ངག་དང་གསེམས་ཚུལ་ཁྲིམས་ཀྱི་རྒྱན་གྱིས་ལེགས་པར་བརྒྱན་པ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། བཟོད
275b3 པ་དང་དྲེས་པའི་སྟོབས་ཀྱིས་གོ་ཆ་ཤིན་ཏུ་བགོས་པ། བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བརྩོན་འགྲུས་ཤིན་ཏུ་བརྩམས་པ། བསམ་གཏན་དང་ག་རྣམ་པར་ཐར་པ་དང
275b4 ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་རྩེན་པ། ཚིག་ཐམས་ཅད་རབ་ཏུ་དབྱེ་བ་ལ་སྤོབས་པ་ཆགས་པ་མེད་པའི་རིཤེས་རབ་དང་ཡེ་ཤེས
275b5 ལ་མཁས་པ་། ལྷུན་པོའི་རི་ལྟར་སེམས་གཡོ་བ་མེད་པ་། ས་དང་ཀཆུ་དང་ག་མེ་དང་ག་རླུང་དང་། རི་ལྟར་རྗེས་སུ་རགས་པ་དང་། ཁོང་ཁྲོ་བ་དང་བྲལ་བ་། བྱམས་པ་ཆེན་པོ་ལ་གནས་ཏེ
275b6 བོད་ཟེར་ཐོགས་པ་མེད་པ་སྙིང་རྗེ་ཆེན་པོ་ལ་གནས་ཏེ། རྟག་ཏུ་སེམས་ཅན་ལ་བལྟ་བར་བརྩོན་པ།། དགའ་བ་ཆེན་པོ་ལ་གནས་ཏེ། ཆོས་ཀྱི་ཀུན་དགའ་ལ་དགའ་བ་དང་ལྡན་པ
275b7 བཏང་སྙོམས་ཆེན་པོ་ལ་གནས་ཏེ། གཉིས་སུ་མེད་པ་ཤེས་པ་ཐོབ་པ།། འཇིག་རྟེན་གྱི་ཆོས་བརྒྱད་པོ་རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་བསྟོད་པ་དང
iiif viewer powered by OpenSeadragon
275a - 276a