| | e-texts navigator
|
210a1 སྦས་པ། དེ་ནི་མཡིན་ནོ།། སྦས་པ། ཚངས་པ་དེ་ལྔ་བས་ན་འདི་ལ་རྣམ་གྲངས་འདིས་གང་ལ་ལས་ཀྱང་མེད།། ལས་ཀྱི་འབྲས་བུའང་མེད།། མངོན་པར་འདུ་བྱེད
210a2 པའི་འཇུག་པའང་མེད་པ་དེ་ནི་བྱང་ཆུབ་བོ།། བྱང་ཆུབ་ཇི་ལྟ་བར་ཐོབ་པའང་དེ་བཞིན་ཏེ། མངོན་པར་འདུ་བྱེད་པས་ལུང་བསྟན་པར་མི་འགྱུར་བར་རིག་པར་བྱའོ།། སྨྲས་པ། རིགས་ཀྱི་བུ
210a3 ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱང་ནས་ཕྱིས་ལུང་བསྟན་པར་འགྱུར་རམ། སྤྲས་པ། ཚངས་པ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས་ཕྱིས་ལུང་བསྟན་པར་འགྱུར་ཏེ། ཚངས་པ་གང་ཉོན་མོངས
210a4 པ་ཐམས་ཅད་ཡོངས་སུ་གཏང་བ་འདི་ནི་སྦྱིན་པའོ།། གང་མངོན་པར་འདུ་ནི་བྱེད་པ་འདི་ནི་ཚུལ་ཁྲིམས་སོ།། གང་རྨ་མི་ཐོད་པ་འདི་ནི་བཟོད་པའོ།། གང་དབེན་པ་དེ་ནི་བརྩོན་འགྲུས་སོ།།
210a5 གང་རབ་ཏུ་མི་གནས་པ་དེ་ནི་བསམ་གཏན་ནོ།། གང་སྤྲོས་པ་མེད་པ་དེ་ནི་ཤེས་རབ་སྟེ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་དག་ཅི་ལ་སྤྱོད། སྨྲས་པ། ཅིལའང
210a6 མི་སྤྱོད་དོ།། དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་སྤྱོད་པ་མ་ཡིན་ནོ།། གང་སྤྱོད་པ་དེ་མི་སྤྱོད་པའོ།། གང་མི་སྤྱོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱོད་པ
210a7 ཚངས་པ་རྣམ་གྲངས་འདིས་ནི་ཇི་ལྟར་སྤྱོད་པ་མ་ཡིན་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ཡིན་པར་རིག་པར་བྱའོ།། ཚངས་པ་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་དེ་སྐད་ཟེར་བ་ནི་དེ་བཞིན་འདི་དང་ཆོས་ཀྱི་དབྱིངས
iiif viewer powered by OpenSeadragon
209b - 210b