| | e-texts navigator
|
158a1 བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཇམ་དངལ་གཞོན
158a2 ནུར་གྱུར་པས་ཞུས་ནུས་ངས་ལན་བཏབ་པ་ཞེས་བྱ་བར་ཟུང་ཞིག། ཆོས་ཀྱི་དབྱིངས་ཞེས་བྱ་བར་ཡང་ཟུང་ཞིག། ཡང་དག་པའི་མཐའ་ཞེས་བྱ་བ་དང་། རིན་པོ་ཆེའི་མཐའ་ཞེས་བྱ་བ་རུ་ཡང
158a3 ཟུང་ཞིག། ཤཱ་རིའི་བུ་རིགས་ཀྱི་བུའམ།། རིགས་ཀྱི་བུ་མོ་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་།། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་། སྦྱོར་བ
158a4 ལ་བརྩོན་པར་གནས་པ་དེ་དག་ནི་རིན་པོ་ཆེ་དང་འདྲ་བ་ཡིན་ཏེ། ནི་སྐྱེ་བའི་ཆོས་རྣམས་ལའང་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ།། གཞན་དག་ལའང་དགེ་བའི་རྩ་བ་རྣམས་ཡང་དག་པར་སྤྱད་པར
158a5 འགྱུར་རོ།། ཆོས་ཉུང་ངུ་ཀུན་ཆུབ་པར་བྱས་པས་ཀྱང་ཆོས་མང་པོ་སྟོན་པར་འགྱུར་རོ།། སྤོབས་པ་མི་ཆོད་པར་ཡང་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
158a6 བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལཱ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འ
158a7 ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རིན་པོ་ཆེའི་མཐའ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་བ་ར་མ་དང་།
iiif viewer powered by OpenSeadragon
157b - 158b