e-texts navigator
Collection
Volume
Page
Wylie

157b1 དང་མཉམ་པར་མོས་སམ་པ་སྤྲས་པ།། མོས་སོ།། སྤྲས་པ། ཇི་ལྟར་མོས། སྨྲས་པ། འཇམ་དཔལ་འདི་ལྟར་བཅོམ་ལྡན་འདས་ཀྱིས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པར་མངོན་པར
157b2 རྫོགས་པ་སངས་རྒྱས་ཏེ། དེ་ལྟར་མོས་སོ།། སྤྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱི་ཡུལ་ཇི་ཙམ་པ་དེ་ཙམ་དུ། ཁྱོད་ཀྱིས་ལན་བཏབ་པ་ལེགས་སོ་ལེགས་སོ།། དེ་ཙམ་ཞིག་ཁྱོད་ལ
157b3 དྲིས་ཀྱིས། ད་ནི་རང་གི་གནས་སུ་སོང་ཞིག། ཤཱ་རིའི་བུས་སྨྲས་པ།། འཇམ་དཔལ་འདི་ལྟར་འདི་ཉིད་ནི་བདག་གི་ཇི་སྲིད་འཚོ་བའི་བར་གྱི་གན་ས་ཡིན་ནོ།། དེ་ནས་བཅོམ་ལྡན་འདས
157b4 ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུ་འམ།། རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངསྲ་འདི་འཛིན་པའམ། འཆང་བ་འམ། ཀློག་པའམ
157b5 ཀུན་ཆུབ་པར་བྱེད་པ་དེས་ནི་གསྤོབས་པ་མྱུར་དུ་ཐོབ་པར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལྟ་ལགས་ཏེ། ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་རིགས་ཀྱི་བུ་འམ
157b6 རིགས་ཀྱི་བུ་མོ་གང་དག་གི་སྐད་དུ།། ཆོས་ཀྱི་ཕྱག་རྒྱ་འདི་བཞག་པ་དེ་དག་ནི་སྔོན་གྱི་རྒྱལ་བ་རྣམས་ལ་བགྱི་བ་བགྱིས་པ་ལགས་ཏེ། དེ་དག་དེ་ལྟར་རིག་པར་བགྱིའོ།། དེ་ནས་བཅོམ་ལྡན
157b7 འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང




iiif viewer powered by OpenSeadragon

157a - 158a

Texts on this page

Ty036-004 - 'phags pa rin po che'i mtha' zhes bya ba theg pa chen po'i mdo