| | e-texts navigator
|
156b1 བསམ་གྱིས་མི་ཁྱབ་པའི་དབྱིངས་པ་ནི་སྐྱེ་བ་མེད་དེ། གང་མི་སྐྱེ་བ་དེ་ལ་མི་སྣང་བར་འགྱུར་བའམ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ག་ལ་ཡོད་དེ། དེ་ལྟར་མོས་སོ།། སྨྲས་པ།
156b2 བཙུན་པ་ཤཱ་རོའི་བུ་ཁྱོད་སངས་རྒྱས་ཉིད་ཐམས་ཅད་གཅིག་ཡིན་པར་མོས་སམ། སྨྲས་པ་མོས་སོ།། སྨྲས་པ་ཇི་ལྟར་མོས་སྨྲས་པ་བཇ་མ་དཔལ་ཆོས་ཀྱི་དབྱིངས
156b3 ལ་ནི་ཐ་དད་པ་མེད་དེ། དེ་ལྟར་མོས་སོ།། སྤྲས་པ་བཙུན་པ་ཤཱ་རིའི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་ཡིན་པར་མོས་སམ། སྨྲས་པ
156b4 མོས་སོ།། སྨྲས་པ་ཇི་ལྟར་མོས། སྨྲས་པ། འཇམ་དཔ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནི་མི་ཟད་པ་ཉིད་ཀྱི་ཞིང་ཡིན་ཏེ། དེ་ལྟར་མོས་སོ།། སྤྲས་པ་ཁྭ་བཙུན་པ་ཤཱ
156b5 རིའི་བུ་ཁྱོད་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ་དང་། སྤང་བར་བྱ་བ་མ་ཡིན་པ་དང་། མངོན་སུམ་དུ་བྱ་བ་མ་ཡིན་པ་དང་། བསྒོམ་པར་བྱ་བ་མ་ཡིན་པར་མོས
156b6 སམྲསྨྲས་པ། མོས་སོ།། སྨྲས་པ། ཇི་ལྟ་ར་མོས། སྨྲས་པ་འཇམ་དཔལ་ངོ་བོ་ཉི་ཡོངས་སུ་མི་ཤེས་པ་དང་། རང་བཞིན་གྱིས་རང་བཞིན་སྤོང་བ་དང
156b7 མངོན་སུམ་དུ་མི་བྱེད་པ་དང་། སྒོམ་པར་མི་བྱེད་པ་དང་། སྐྱེ་བར་མི་བྱེད་པ་དང་། འགག་པར་མི་བྱེད་པ་དང་ལེན་པར་མི་བྱེད་པ་དང་། འདོར་བར་མི་བྱེད་པ་དང
iiif viewer powered by OpenSeadragon
156a - 157a