| | e-texts navigator
|
156a1 དང་ལྡན་པར་མོས་སམ། སྨྲས་པ། མོས་སོ།། སྨྲས་པ། ཇི་ལྟར་མོས་། སྨྲས་པ་ཤེས་པ་དང་མི་ཤེས་པ་མཉམ་པ་ཉིད་ཀྱི་ཕྱིར། དགྲ་བཅོམ་པ
156a2 བྲག་པ་ཟད་པ་མི་ཤེས་པ་དང་ལྡན་ཏེ་གའདི་ལྟར་མི་ཤེས་པ་དང་། ཤེས་པ་ནི་མི་ཟད་པའི་ཆོས་ཅན་ཡིན་པའི་ཕྱིར་དབེན་པ་སྟེ། དེ་བས་ན་མི་ཤེས་པ་དང་ཤེས་པར་རྣམ་པར
156a3 མི་རྟོག་པའི་ཕྱིར་དགྲ་བཅོམ་པ་ཟག་པ་ཟད་པ་མི་ཤེས་པ་དང་ལྡན་པར་མོས་སོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་དགྲ་བཅོམ་པ་ཟག་པ་ཟད་པ་ཤེས་པ་དང་བྲལ་བར
156a4 མོས་སམ། སྨྲས་པ། མོས་སོ།། སྨྲས་པ། ཇི་ལྟར་མོས་སྦས་པ་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བ་སྟེ། དེ་བས་ན་དགྲ་བཅོམ་པ་ཟག་པ་ཟད་པ
156a5 ཤེས་པ་དང་བྲལ་བར་མོས་སོ།། སྨྲས་པ། བཙུན་ད་ཤཱ་རིའི་བུ་ཁྱོད་དགྲ་བཅོམ་པ་ཟག་པ་ཟད་པ་རྣམ་པར་མ་གྲོལ་བའི་ཆོས་ཅན་དུ་མོས་སམ། སྦས་པ། མོས་སོ།། སྨྲས་པ། ཇི་སྐར་མོས།
156a6 སྨྲས་པ་ཉོན་མོངས་པ་མེད་པའི་ཕྱིར་ཏེ་འདི་ལྟར་ཉོན་མོངས་པ་མེད་ན་གང་དགུ་ལས་རྣམ་པར་གྲོལ་བར་འགྱུར་ཏེ་དེ་ལྟར་མོས་སོ།། སྨྲས་པ་བཙུན་པ་ཤཱ་རིའི་བུ
156a7 ཁྱོད་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཞིང་ཡོངས་སུ་མྱ་ངན་ལས་མ་འདས་པར་མོས་སམ་སྨྲས་པ་མོས་སོ།། སྨྲས་པ་ཇི་ལྟར་མོས་སྨྲས་པ་འཇམེ་ད་ལ
iiif viewer powered by OpenSeadragon
155b - 156b