| | e-texts navigator
|
155b1 སྨྲས་པ། བཙུན་པ་ཤཱ་རིའི་བུ་ཅི་ཆོས་ཀྱི་དབྱིངས་ཆོས་ཚོལ་བར་བྱེད་དམ། སྦས་པ། འཇམ་དཔལ་མི་བྱེད་དོ།། སྦས་པ། ཆོས་ཀྱི་དབྱིངས་ཀྱང་གཞན་ལ། ཚེ་དང་ལྡན་པ་ཤཱ་རིའི་བུ
155b2 ནི་གཞན་པ་ནི་མ་ཡིན་ན། ཅིའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་མཉན་པ་ལ་ཆོག་མི་ཤེས། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་དབྱིངས་ནི་ཆོས་ཚོལ་བར་མི་བྱེད་པའི་ཕྱིར་རོ།།
155b3 གལ་ཏེ་དེ་དེ་ལྟར་ཚོལ་བུར་བྱེད་ན་ནི་དེའི་ཕྱིར་དུ་ཚིག་ཤེས་པར་འགྱུར་བ་ཞིག་ན་གང་གི་ཕྱིར་ཚོལ་བར་མི་བྱེད་པ་དེའི་ཕྱིར་ཚིག་མི་ཤེས་སོ།། སྨྲས་པ་ག་འཇམ་དཔལ་དེ་བཞིན་གཤེག།
155b4 པ་མ་གཏོགས་པར་ཁོ་བོ་ལྟ་བུ་ཆོས་ཉན་པ་དེ་ལྟ་བུ་ཁྱོད་ཀྱིས་ག་ལ་རྙེ་ད། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་མི་འདྲའ་བའི་ཆོས་ཅན་ཡིན་པས་མོས་སམ
155b5 སྨྲས་པ། མོས་སོ།། སྨྲས་པ། ཇི་ལྟར་མོས། སྨྲས་པ། ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པས་ན།། ཁོ་བོའང་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་ནོ་སྙམ་དུ་དེ་ལྟར་མོས་སོ།།
155b6 སྨྲས་པ། བཙུན་པྲ་ཤཱ་རིའི་བུ་ཁྱོ་དང་བྲི་བ་པོ་མེད་པ་དང་། སྐྱ་བ་མེད་པའི་ཆོས་ཅན་ཡིན་པར་མོས་སམ། སྨྲས་པ་མོས་སོ།། སྨྲས་པ། ཇི་ལྟར་མོས་སྨྲས་པ། ཆོས་ཀྱི་དབྱིངས་སུ
155b7 གཏོགས་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ལ་འཆི་འབོ་འམ་སྐྱེ་བ་མེད་པ་དེ་ལྟར་མོས་སོ།། སྨྲས་པ་བཙུན་པ་ཤཱ་རིའི་བུ་ཁྱོད་དགྲ་བཅོམ་པ་ཟག་པ་ཟད་པ་མི་ཤེས་པ
iiif viewer powered by OpenSeadragon
155a - 156a