e-texts navigator
Collection
Volume
Page
Wylie

155a1 ཞུགས་པ་མ་ཡིན་དགྲ་བཅོམ་པ་ཉིད་ཀྱི་ཆོས་ལ་ཞུགས་པ་མ་ཡིན། རང་སངས་རྒྱས་ཀྱི་ཆོས་ལ་ཞུགས་པ་མ་ཡིན་དེ་བཞིན་གང་ཤེགས་པའི་ཆོས་ལ་ཞུགས
155a2 པ་མ་ཡིན་པའི་ཕྱིར་རོ།། འདྲི་ནི་ཆོས་གང་དམིགས་པའི་ཕྱིར་ཡང་ཞུགས་པ་མ་ཡིན་ནོ།། འདི་ནི་གང་དུའདུ་ཞུགས་པ་འམལྡོག་པའང་མེད་དེ་། ཆོས་ཐམས་ཅད་ཤིན་ཏུ་དབེན་པའི་ཕྱིར།
155a3 སྨྲས་པ། འཇམ་དང་ལ་ཁྱོད་ཀྱིས་ཅི་ལས་བསམས་ཏེ་དགྲ་བཅོམ་པ་ཟག་པ་ཟད་པ། ཆོས་བསྟན་པ་འདྲིའི་སྣོད་མ་ཡིན་ཞེས་དེ་སྐད་སྨྲ་སྨྲས་པ་བཙུན་པ་ཤཱ་རིའི་བུ་དགྲ་བཅོམ་པ་ཉིད་ནི་འདོད
155a4 ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པ་ཡིན་ན། དེ་གང་གི་སྣོད་ཡིན་ཞིང་དེ་གང་ཇི་ལྟ་བུ་ཞིག་གི་སྣོད་དུ་འགྱུར་སྙམ་སྟེ། དེ་ལས་བསམས་ནས་དགྲ་བཅོམ་པ་ཟག་པ་ཟད་པ
155a5 བསྟན་པ་འདིའི་སྣོད་མ་ཡིན་ནོ་ཞེས་ཁྲོ་བོ་དེ་སྐད་སྤའོ།། སྨྲས་པ། འཇམ་དཔལ་ཁོ་བོ་ནི་ཆོས་བསྟན་པ་འདིའི་དོན་དུ་གཙུག་ལག་ཁང་ན་ས་གཙུག་ལག་ཁང་དང་། ག་ནས་ཁང་ནས་གནས།
155a6 ཁང་དང་། ཕུག་ནས་ཕུག་ཏུ་ཁྱོད་ཚལ་ཏེ། བདག་གིས་ཁྱོད་ལས་ཟབ་པ་ཟབ་པ་ཡང་དག་པའི་སྤོབས་པ་འདི་ལྟ་བུ་འདི་དག་ཐོས་ཀྱང་ཅི་མ་རུང་སྙམ་སྟེ། འཇམ་ད་ལ་ཁོ་བོ་ནི་བཅོམ་ལྡན
155a7 འདས་དང་། ཁྱོད་ཀྱིས་ཆོས་བསྟན་པ་ལ་ཆོག་མི་ཤེས་སོ།། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཆོས་བསྟན་པས་ཆོས་མི་ཤེས་སམ་སྨྲས་པ་ཁོ་བོ་ཆོག་མི་ཤེས་སོ།།




iiif viewer powered by OpenSeadragon

154b - 155b

Texts on this page

Ty036-004 - 'phags pa rin po che'i mtha' zhes bya ba theg pa chen po'i mdo