| | e-texts navigator
|
154b1 བདག་འདི་ན་མཆིས་ལགས་སོ།། དེ་ནས་བཅོམ་ལྡན་འདས་ལ། འཇམ་དུཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚེ་དང་ལྡན་པ་ཤཱ་རིའི་དུ་ནང་དུ་མ
154b2 བར་མཛད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་ཤཱ་རིའི་བུལ་འདི་སྐད་དུ། ཤཱ་རིའི་བུ་ཁྱོད་གནས་ཁང་གི་ནང་དུ་ཤོག་ཅེས་བཀའ་སྩལ་ཏོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ།
154b3 གནས་ཁང་དུ་འོངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ
154b4 འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་སྨྲས་སོ།། བཙུན་པ་ཤཱ་རིའི་བུ་ཁྱོད་དོན་གྱི་དབང་གང་མཐོང་བས་འདིར་འོངས་སྨྲས་པ་། འཇམ་དཔལ་ཁོ་བོས་ནི་ཆོས་ཉན་པར་འདོད་པའི
154b5 ཕྱིར་འདིར་འོངས་ཏེ།། འདི་ལྟར་གང་ན་བཅོམ་ལྡན་འངས་དང་སྐྱེས་བུ་དམ་པ་ཁྱོད་ལྟ་བུ་གནས་པ་དེ་ན་བསྟན་པ་ཟབ་མོ་ཡང་དག་ཕུལ་དུ་བྱུང་བ་ཡོད་དེ། དེའི་ཕྱིར་ཁོ་བོ་འོངས་སོ།། སྨྲས་པ།
154b6 བཙུན་པ་ཤཱ་རིའི་བུ་དེ་ནི་དེ་བཞིན་ཏེ་བསྟན་པ་འདྲི་ནི་ཟབ་བོ།། སྨྲས་པ་། བཅོམ་ལྡན་འདས་ཉིད་དང་ཐབས་ཅིག་ཏུ་བརྩམས་པའི་ཆོས་བསྟན་པ་དེ་ཇི་ཙམ་དུ་ཟབ་། སྨྲས་པ། དེ་ནི་བཙུན
154b7 པ་ཤཱ་རིའི་བུའི་རྟོག་པར་མི་འགྱུར་ཏེ། དགྲ་བཅོམ་པ་ཟག་པ་ཟད་པ་ནི་ཆོས་བསྟན་པ་འདིའོ་སྣོད་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་བསྟན་པ་འདིན་སོ་སོའི་སྐྱེ་བོའི་ཆོས་ལ
iiif viewer powered by OpenSeadragon
154a - 155a