| | e-texts navigator
|
153b1 ནང་དང་གཉིས་ཀ་མ་མཆིས་པར་གདའ་ལགས་སོ།། བཀའ་སྩལ་པ། འཇམ་དཔལ་དེ་ནི་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་དེ་ལ་ལགས་པས་ཡང་དག་པའི་མཐུར་ན
153b2 མ་མཆིས་པ་ལགས་ཏེ། དེ་ལྟ་བུའི་མཐུའ་གང་ལགས་པ་དེ་ལ་ནི་ཚུར་མཆི་བ་འམ་པར་མཆི་བ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟ་བུའི་མཐའ་ཅན་གྱིབཙུན་པ་ཤཱ་རིའི་བུ
153b3 ནི་ཚུར་མཆི་བའམ། ནང་ན་མཆི་བའི་མོ་རིགས་ལགས་སོ།། བཀའ་སྩལ་པ། འཇམ་དཔལ་གལ་ཏེ་གནས་ཁང་གི་ནང་ན་ཉན་ཐོས་དག་དང་ལྷན་ཅིག་ཏུ་གཏམ་ཟེར་ཞིང་འདུག་ལེ། ཁྱོད་ནི
153b4 ཕྱི་རོལ་ན་འདུག་སྟེ། ནང་དུ་འོང་དུའང་མི་དབང་ན་གཅི་ཁྱོད་སྡུག་བསྔལ་བར་མི་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི
153b5 ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་སླད་དུ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཞེས་བརྗོད་པ་གང་ལགས་པ་འདིའང་ཆོས་ཀྱི་དབྱིངས་ལགས་ཏེ། མཚན་ཉིད་གཅིག་པའི་སླད་དུ།
153b6 དེ་བཞིན་གཤེགས་པའང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན་མ་ལགས་སོ།། ཆོས་སམ་ཆོས་བསྟན་པ་ཞེས་བགྱི་བ་འམ། ཆོས་ཉན་པ་ཞེས་བགྱི་བའི་ཆོས་འདི་དག་ཀྱང
153b7 གཉིས་སུ་མ་མཆིས་པའི་སླད་དུ་ཐ་དད་པ་མ་མཆིས་ཏེ།། དེའི་སླད་དུའང་ཆོས་ཀྱི་དབྱིངས་ལས་ཐ་དད་པ་མ་ལགས་སོ།། འཇམ་དཔལ་ཞེས་བགྱི་བའི་ཡི་གེ་གང་ལགས་པ་འདི་དག
iiif viewer powered by OpenSeadragon
153a - 154a