| | e-texts navigator
|
153a1 བྱ་བྱ། པ་འམ། བསྟན་པ་མཆིས་ལགས་སུམ། བདག་གིས་ནི་ཡི་གེ་གཅིག་ཀྱང་བསྟན་པར་ཡང་དག་པར་རྗེས་སུ་མ་མཐོང་ལགས་ན། མང་པོ་ལྟ་ག་ལ་མཐོང
153a2 ལགས་བཀའ་སྩལ་པ།། འཇམ་དཔལ་ལེགས་སོ་ལེགས་སོ།། འཇམ་དཔལ་ཁྱོད་འདི་སྐད་དུ་འཆད་པ་ནི་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་ཡིན་ཏེ། ག་འཇམ་དཔལ་ཁྱོད
153a3 ལེགས་སོ།། འཇམ་དཔལ་ངས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
153a4 རྣམས་ཆོས་ཉིད་འདི་ཁོ་ན་སྟོན་ཅིང་བཞུགས་པ་དག་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་རང་གི་གནས་ཁང་ནུས་བྱུང་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་ག་ལ་བ་དེར་སོང
153a5 སྟེ་ཕྱིན་ནས་འཇམ་དཔལ་གཞོན་ནུར་གྱུར་པ་མ་མཐོང་སྟེ། བཅོམ་ལྡན་འདས་ཀྱི་བཞུགས་ཁང་ག་ལ་བ་དེར་སོང་ནས། བཞུགས་ཁང་གི་ཕྱི་སྒོན་འགྲང་བ་དང་། གསུང་བའི་གསུང
153a6 ཐོས་སོ།། དེ་ནུས་བཅོམ་ལྡན་འདས་ཀྱིས་འཛུམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀུའ་སྩལ་ཏོ།། འཇམ་དང་ལ་དགེ་སློང་ཤཱ་རིའི་བུ་འདི་གནས་ཁང་གི་ཕྱི་སྒོ་ན་འགྲེང་སྟེ
153a7 ཆོས་ཉན་པར་འདོད་ན། འཇམ་དཔལ་ཤཱ་རིའི་བུ་ཆོས་ཉན་པར་ནང་དུ་འོང་བར་གྱིས་ཤིག། གསོལ་པ། མཐའ་འདི་ནི་ཡང་དག་པའི་མཐའ་ལགས་ཏེ། གང་གི་སླད་རོལ་དང
iiif viewer powered by OpenSeadragon
152b - 153b