| | e-texts navigator
|
152b1 ལྡན་འདས་ཆོས་ཐམས་ཅད་ནི་མི་བྱེད་པ་ལགས་ཏེ། དེའི་སླད་དུ་འདི་རྡོ་རྗེའི་གཞི་ལགས་སོ།། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་སླད་དུ་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ
152b2 པ་འདི་ནི་རྡོ་རྗེའི་གཞི་ལགས་ཏེ། ཅིའི་སླད་དུ་རྡོ་རྗེའི་གཞི་ཞེས་བགྱི་ཞེ་ན། ཆོས་ཐམས་ཅད་སེམས་མ་མཆིས་པའི་སླད་དུ་ལགས་སོ།། ཆོས་ཐམས་ཅད་བྱང་ཆུབ་ཅེས་བགྱི་བ་འདིན་རྡོ་རྗེའི
152b3 གཞི་ལགས་ཏེ། ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པའི་སླད་དུ་སྟེ། འདི་ན་མིང་གང་དང་གང་གིས་ཆོས་གང་དང་གང་བརྗོད་པའི་ཆོས་དེ་དང་དེ། ཆོས་དེ་དང་དེ་ལ་མ་མཆིས
152b4 ལགས་སོ།། གང་མ་མཆིས་པ་དེ་ནི་སྟོང་པ་ལགས་སོ།། གང་སྟོང་པ་དེ་ནི་མེད་པ་ལགས་སོ།། གང་མེད་པ་ནི་བརྗོད་པའི་རྔོ་མི་ཐོགས་པ་ལགས་སོ།། བརྗོད་དུ་མ་མཆིས་པ་ནི་བྱང་ཆུབ
152b5 ལགས་ཏེ། དེའི་སླད་དུ་འདི་ནི་རྡོ་རྗེའི་གཞི་ལགས་སོ།། ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཡུལ་ལགས་ཏེ།། འདི་ནི་རྡོ་རྗེའི་གཞི་ལགས་སོ།། བཀའ་སྩལ་པ། ཅིའོ
152b6 ཕྱིར་རྡོ་རྗེའི་གཞི་ཞེས་བྱ།། གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་རང་གི་ཡུལ་ལས་དབེན་པ་ལགས་ཏེ། དེའི་སླད་དུ་འདི་རྡོ་རྗེའི་གཞི་ལགས་སོ།། བཀའ་སྩལ་པ
152b7 འཇམ་དཔལ་དགེ་སློང་ཀུན་དགའ་བོ་དེའང་ཆོས་ཀྱི་རྣམ་གྲངས་འདི་ཀུན་འཛིན་པར་འགྱུར་ན། འདིར་འོང་བའི་མཚན་མ་ངས་བྱ་འམ། གསོལ་པ། བཅོམ་ལྡན་འདས་འདི་ནི་ཆོས་བརྗོད
iiif viewer powered by OpenSeadragon
152a - 153a