| | e-texts navigator
|
151b1 སྙམ་དུ་མམས་ང་དཀར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགུ་པར་རྫོགས་པའི་སངས་རྒྱས་སུ་མྱུར་དུ་འདི་ལ་ཁྱོད་འདྲི་སྙམ་དུ་འདི་ཡོངས་ས་མྱ་ངན་ལས་འདའ་བར་འགྱུར།
151b2 བའམ།། མི་སྣང་བར་འགྱུར་རོ་སྙམ་དུ་སེམས་སམ།། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། དེ་ནའི་སླང་ས་སྨྱེནྡ། ཆོས་ཀྱི་དབྱིངས་ནི་འང་དག་པང་གྲུབ་པ་མ
151b3 ལགས་པའི་སླད་དུ་ལགས་སོ།། བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་ཡང་དག་པར་གྲུབ་པ་ཞིག་ལགས་ནི་ནི། དེའི་སླད་དུ་དྲི་མི་གདབ་པར་ཡང་འགྱུར་བ་ཞིག་ན
151b4 དེ་ལ་ནི་ཡང་དགུ་པར་གྲུབ་པ་མི་དམིགས་པ་སྟེ། དེ་མི་གདའ་བའམ།། ཡོངས་སུ་མྱ་ངན་ལས་འདའ་བར་ལྟ་ག་ལ་འགྱུར་ལགས་དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་དབྱིངས
151b5 ལགས་ཏེ། དེའི་སླད་དུ་བཅོམ་ལྡན་འདས་ནི་སྐྱེ་བའང་མ་ལགས།། ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ
151b6 བོ་ན་ཁྱོད་འདས་པའི་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་དེ་ལ་ཁྱོད་ཇི་ལྟར་མི་མོས།། གསོལ་པ། གལ་ཏེ་དེ་དག་གི་སྨྲ་བ་ཡང་དག་པར།
151b7 རྗེས་སུ་མཐོང་ན་ནི། བདག་མོས་ལགས་སོ།། བཀའ་སྩལ་པ། ཁྱོད་སོ་སོའི་སྐྱེ་བ་ཤི་པ་རྣམས་ཉིང་མཚམས་སྦྱོར་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་སོ་སོའི་སྐྱེ་བོ་ཉིད་ཀྱང
iiif viewer powered by OpenSeadragon
151a - 152a