| | e-texts navigator
|
150b1 དཔའ་རྣམས་དང་།། རང་སངས་རྒྱས་རྣམས་དང་།། ཉན་ཐོས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པའང་ཐ་དད་པར་གདགས་པར་རྔོ་མ་ཐོགས་ལགས་སོ།། བཅོམ་ལྡན་འདས་དེ
150b2 དག་གི་གནས་པ་དག་ཀྱང་ཐ་དད་པར་གདྭགས་པ་རྔོ་མི་ཐོགས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པའི་སླད་དུ་ལགས་སོ།། བཅོམ་ལྡན
150b3 འདས་དཔེར་བགྱི་ན།། རྒྱ་མཚོ་ཆེན་པོའི་རིན་པོ་ཆེ་སྣ་ཚོགས་དུང་དང་། མན་ཤེལ་དང་། བྱུ་རུ་ལ་སོགས་པ་ཐ་མ་དང་།། འབྲིང་དང་། མཆོག་རྣམས་ལ་འདི་ན་རིན་པོ་ཆེ་ཆེ་གེ་མོ་ཞིག་གོ
150b4 འདི་ནི་རིན་པོ་ཆེ་ཆེ་གེ་མོ་ཞིག་གོ་ཞེས་ཐ་དད་པར་གདགས་སུ་མཆིས་ལགས་ཀྱི། ཆོས་ཀྱི་དབྱིངས་ལ་ནི་དེ་ལྟར་ཐ་དད་པར་གདགས་པའི་རྔོ་མི་ཐོགས་ལ། གདུགས་པ་དེ་ལའང་ཐ་དད་པར་དབྱེར
150b5 མ་མཆིས་ལགས་སོ།། དེ་ལ་དེ་འཆི་འཕོ་དང་སྐྱེ་བ་ཐ་དད་པར་གདགས་པའི་རྔོ་མི་ཐོགས་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་འཆི་འཕོ་འམ།། སྐྱེ་བ་འམ། ཀུན་ནས
150b6 ཉོན་མོངས་པའམ། རྣམ་པར་བྱང་བ་མ་མཆིས་པའི་སླད་དུ་ལགས་སོ།། ཆོས་ཀྱི་དབྱིངས་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ལགས།། ཆོས་ཀྱི་དབྱིངས་ནི་འདྲེས་པ་ལགས་ཏེ། ཆོས་ཀྱི་དབྱིང
150b7 ལ་ནི་གང་དག་སྤང་བར་བགྱི་བ་འམ། བསྐྱེད་པར་བགྱི་བའི་ཆོས་དེ་དག་མ་མཆིས་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད
iiif viewer powered by OpenSeadragon
150a - 151a