| | e-texts navigator
|
149b1 སོ། འཇམ་དངལ་འདི་ལྟ་སྟེ། དཔེར་ནུ་འབྲུའི་ཕུང་པོ་སྣ་ཚོགས་པ་ནི། འདི་ནི་འབྲུ་ཆེ་ག་མོ་ཞིག་གི་ཕུང་པོའོ།། འདོན་ཆེ་གེ་མོ་ཞིག་གི་ཞེས་གདགས་སུ་ཡོད་པ་བཞིན་དུ་ག་ཆོས་ཀྱི།
149b2 དབྱིངས་ལ་ནི་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ།། འདི་དག་ནི་དགྲ་བཅོམ་པའི་ཆོས་རྣམས་སོ།། འདི་དགུ་ནི་རང་སངས་རྒྱས་ཀྱི་ཆོས་རྣམས་སོ།། འདི་དག་ནི་བྱང་ཆུབ་སེམས
149b3 དངའི་ཆོས་རྣམས་སོ།། འདི་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ།། ཞེས་ཐ་དད་པར་གདགས་པར་མི་ནུས་སོ།། འདི་ནི་ཆོས་ཀྱི་དབྱིངས་ཏེ། དེ་ནི་འདི་ན་འདུག་གོ་ཞེའམ
149b4 ག་གེ་མོ་ཞིག་ན་འདུག་གོ་ཞེས་དེ་ལྟར་བསྟན་པ་འམ། གདགས་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ནི་བལྟར་མི་མཐོང་ཞིང་བསྟན་དུ་མང་དི་གདགས་པར
149b5 བྱ་བ་མ་ཡིན་ཞིང་གདགས་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ།། འགྲོ་བ་འདི་དེ་ལྟ་བུའི་དབྱིངས་ཡིན་པར་ངས་ཇི་སྐད་བསྟན་པ་ལ་གལ་ཏེ་མཚམས་མེད་པ་བྱེད་པ་དེ་ལྟར་མོས་ཏེ།།
149b6 མཚམས་མེད་པའང་དེ་ལྟ་བུའི་དབྱིངས་ཡིན་པར་ཤེས་ན་དེ་ཀུན་ནས་ཉོན་མོངས་པ་ཅད་དུ་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་མཚམས་མེད་པ་ནི་ཆོས་ཀྱི་དབྱིངས་དང་མཚུངས
149b7 མཉམ་པའི་ཕྱིར་ཏེ། འདི་ལྟར་མཚམས་མེད་པའི་དབྱིངས་དང་། ཆོས་ཀྱི་དབྱིངས་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ་། འདི་ལ་ནི་འོང་བ་འམ། འགྲོ་བ་འམ། ཀུན་ནས
iiif viewer powered by OpenSeadragon
149a - 150a