| | e-texts navigator
|
148a1 ལགས་པ་ལ་ཞུགས་པ་དེ་དག་ནི་ཡང་དག་པར་ཞུགས་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྤྱོད་ཡུལ་མ་ལགས་པ་ཞེས་བགྱི་བ་ནི། སྤྱོད་མུལ།
148a2 དེ་བགྱིས་ལགས་སྟེ།། དེའི་སླད་དུ་སྤྱོད་ཡུལ་མ་ལགས་པ་ཞེས་འདོགས་ལགས་སོ།། བཀའ་སྩལ་པ།། འཇམ་དཔལ་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་དེ་གང་གི་ནིག་བླ་དགས་ཡིན།། གསོལ་པ་བཅོམ
148a3 ལྡན་འདས་སྤྱོད་ཡུལ་མ་ལགས་པ་ཞེས་བགྱི་བ་ད་ནི། ཡང་དག་པའི་མཐའི་ཚིག་བླ་དགས་སོ།། བཀའ་སྩལ་པ། འཇམ་དཔལ་ལམ་བསྒོམ་པ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། གསོལ་པ།
148a4 བཅོམ་ལྡན་འདས་ལམ་བསྒོམ་པ་ཞེས་བགྱི་བ་དེ་ནི། ལམ་བསྒོམ་པ་མ་མཆིས་པའི་ཚིག་བླ་དགས་ལགས་སོ།། བཀའ་སྩལ་པ། འཇམ་དཔལ་ཁྱོད་ལས་དང་པོ་པའི་རིགས་ཀྱི་བུ་རྣམས་དང་གཱ་རིགས་ཀྱི
148a5 བུ་མོ་རྣམས་ལ་ཆོས་ཇི་ལྟར་སྟོན་ཀ་གསོལ་པ། བཅོམ་ལྡན་འདས་བདག་ནི་ལས་དང་པོ་པའི་རིགས་ཀྱི་བུ་རྣམས་དང་། རིགས་ཀྱི་བུ་མོ་རྣམས་ལ་འཇིག་ཚོགས་དོར་དུ་མ་མཆིས་པར་ཆོས་སྟོན་ལགས
148a6 སོ། བདག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་སྤང་དུ་མ་མཆིས་པར་ཆོས་སྟོན་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་རྣམས་ཀྱི་རང་བཞིན་གང
148a7 ལགས་པར་ནི་སྤང་བར་རྔོ་མི་ཐོགས་པའི་སླད་དུ་ལགས་སོ།། བཅོམ་ལྡན་འདས་འཇིག་ཚོགས་སམ། འཇིག་ཚོགས་ཀུན་འབྱུང་བ་སྤོང་བར་འཚལ་བ་དེ་ནི་ཡང་དག་མཐའ་སྤོང་བར་བས
iiif viewer powered by OpenSeadragon
147b - 148b