e-texts navigator
Collection
Volume
Page
Wylie

147b1 སོ་བཀའ་སྩལ་པ།། འཇམ་དཔལ་ཁྱོད་སྤོབས་པར་གྱིས་ཤིག། གསོལ་པ།། བཅོམ་ལྡན་འདས་དཔེར་བགྱིན། ནོར་བུ་རིན་པོ་ཆེ་དེ་ཉིད་ངོས་གང་དང་གང་ཁོ་ནས་པབསྟེ། བཞག་པའི་རིན་པོ
147b2 ཚེའི་ངོས་དེ་དང་དེ་ཁྲོ་ནས་འབབ་ཅིང་གནས་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ། ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་ཁོ་ནས་གནས་ལགས་སོ།། བཀའ་སྩལ
147b3 པ་འཇམ་དཔལ་ཁྱོད་ཀྱིས་ཡང་དག་པའི་མཐའ་ཤེས་སམ།། གསོལ་པ། བཅོམ་ལྡན་འདས་འཚལ་ལགས་སོ།། བཀར་སྩལ་པ།། འཇམ་དཔྲལ་འོ་ནཱ་ཡང་དག་པའི་མཐའ་གང་ན་འདུག།
147b4 གསོལ་པ། བཅོམ་ལྡན་འདས་ཡང་དག་པའི་མཐའ་ནི་བདག་གི་མཐའ་གང་ན་མཆིས་པ་དེ་ན་མཆིས་ལགས་སོ།། ཡང་དག་པའི་མཐའ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་གང་ན་མཆིས་པ་དེ་ན
147b5 མཆིས་ལགས་སོ།། ཡང་དག་པའི་མཐའ་ནི་ལས་སམ། རྣམ་པར་སྨིན་པ་མ་ལགས་ལ། ཆོས་ཐམས་ཅད་ཀྱི་མཐའ་ཡང་དེ་ཁོ་ན་ལགས་སོ།། བཅོམ་ལྡན་འདས་གང་དག་དེ་ལྟར་མོས་པ་དེ
147b6 ངག་ནི་གང་ལས་ཀྱང་རྣམ་པར་གྲོལ་བ་མ་མཆིས་ལགས་སོ།། གང་དག་གང་ལས་ཀྱང་གྲོལ་བ་མ་མཆིས་པ་དེ་དག་ནི་ལོག་པ་ལས་རྣམ་པར་གྲོལ་བ་ལགས་སོ།། གང་དག་ལོག་པ་ལས་རྣམ
147b7 པར་གྲོལ་བ་དེ་དག་ནི་ཡང་དག་པར་རྣམ་པར་གྲོལ་བ་ལགས་སོ།། གང་དག་ཡང་དག་པར་རྣམ་པར་གྲོལ་བ་དེ་དག་ནི་སྤྱོད་ཡུལ་མ་ལགས་པ་ལ་ཞུགས་པ་ལགས་སོ།། གང་དག་སྤྱོད་ཡུལམ།




iiif viewer powered by OpenSeadragon

147a - 148a

Texts on this page

Ty036-004 - 'phags pa rin po che'i mtha' zhes bya ba theg pa chen po'i mdo