| | e-texts navigator
|
147a1 དེ་ལ་རིན་པོ་ཆེའི་མཐའ་ཞེས་བགྱི་ལུགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཤིན་ཏུ་དག་ཅིང་ཤིན་ཏུ་བྱི་དོར།
147a2 བྱས་པ། ས་ཕྱོགས་མཉམ་པ་ལ་བཞག་ན། དེ་གང་དང་གང་ཁོ་ནར་གཞག་པ་དྲི་དང་དྲེར་རིན་པོ་ཆེ་བྱེ་བ་གནས་པར་འགྱུར་རོ།། འཇམ་དཔྲལ་དེ་བཞིན་དུ་ང་ཏིང་ངེ་འཛིན་དེ་ལ་གནས་ནས།
147a3 ཤར་ཕྱོགས་སུ་བལྟས་ཏེ། ཤར་ཕྱོགས་སུ་བལྟས་ནས། ངས་ནི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དུག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོས
147a4 པའི་སངས་རྒྱས་ཆོས་སྟོན་ཅིང་བཞུགས་པ་དག་མཐོང་ངོ་།། དེ་བཞིན་དུ་ལྷོ་ཕྱོགས་དང་།། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། འོག་དང་། སྟང་ནས། ཕྱོགས་བཅུའི་བར་དུ་བལྟས་ན། ངས་འཇིག་རྟེན
147a5 གྱི་ཁམས་དཔག་ཏུ་མེད་པདག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པོའི་སངས་རྒྱས་ཆོས་སྐྱོན་ཅིང་བཞུགས་པ་དག་མཐོང་ངོ་།། འཇམ་དཔལ་ངས་ཏིང་ངེ་འཛིན་འདི་ལ་གནས
147a6 ནས་གང་ཡང་དག་པའི་མཐའ་མ་ཡིན་པའི་ཆོས་དེ་གང་ཡང་དག་པར་རྗེས་སུ་མ་མཐོང་ངོ་།། འཇམ་དངུལ་ཡང་དག་པའི་མཐའི་ཕྱག་རྦྷ་འདྲི་ངས་ཕྱག་རྒྱར་བཞག་སྟེ། དང་བཅན་གྱི་རིགས་ཀྱི་བུ་རྣམས་དས
147a7 རིགས་ཀྱི་བུ་མོ་རྣམས་ཀྱིས་ཕྱག་རྒྱ་འདི་ལ་སྤྱད་ན།། སྤོབས་པ་མཆོད་པ་འཛིན་པར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་བདག་སྤོབས་ལོགས་སོ།། བདེ་བར་གཤེགས་པ་བདག་སྤོབས་ལགས
iiif viewer powered by OpenSeadragon
146b - 147b