| | e-texts navigator
|
142b1 ཆོས་རྣམས་ཀྱང་རབ་ཏུ་ཤེས། དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། རང་སསྤངས་རྒྱས་ཡང་དག་པར་འཐུབ་པ་རུ
142b2 བྱེད་པའི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ།། དེ་མི
142b3 དགེ་པའི་ཆོས་རྣམས་ཀྱིས་རྣམ་པར་སྨིན་པ་ཆུང་ངུ་དང་།། འབྲིང་དང་། ཆེན་པོ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་སུ་སྐྱེ་བའང་རབ་ཏུ་ཤེས་སོ།། དེར་སྐྱེས
142b4 པ་རྣམས་ཀྱི་ཚོར་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོའང་རབ་ཏུ་ཤེས་སོ།། དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལྷ་རྣམས་ཀྱི་ནང་དུ་འམ། མི་རྣམས་ཀྱི་ནང
142b5 དུ་སྨིན་པའང་རབ་ཏུ་ཤེས་སོ།། དེར་སྐྱེས་པ་རྣམས་ཀྱི་འབྲས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོའང་རབ་ཏུ་ཤེས་སོ།། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྒྱུན
142b6 ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བ་དང་། ལན་ཅིག་ཕྱིར་བོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན
142b7 དུ་བྱ་བའི་རྣམ་པརང་རབ་ཏུ་ཤེས་སོ།། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་ཉིད་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའང་རབ་ཏུ་ཤེས་སོ།། རང་སངས་རྒྱས་ཡང་དག་པར་འགྲུབ་པར
iiif viewer powered by OpenSeadragon
142a - 143a