| | e-texts navigator
|
134a1 ལུས་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་སྐད་ཅིག་དེ་ལ་བཅོམ་ལྡན་འདས་ཤིན་ཏུ་ལྡུམ་མེ་ལྡན་ནེ་ལྗང་དེར་བཞུགས་ཏེ
134a2 མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་པའི་གནས་ན་འདུག་བཞིན་དུ། བཅོམ་ལྡན་འདས་ཤིན་ཏུ་ལྷམ་མེ་ལྷན་ནེ་ལྒང་ངེ་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས
134a3 པཱར་བརྒྱན་པ་མཐོང་ངོ་།། མཐོང་ནས་ཀྱང་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས། ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྡང་བར་བྱས་ཏེ། བཅོམ་ལྡན་འདས
134a4 ཀྱི་སྤྱན་སྔ་ར་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འདུག་གོ།། དེ་ནས་མི་མཛད་ཀྱི་བདག་པོ་ཚངས་པས་འདི་སྙམ་དུ་བསམས་ཏེ་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ་རྣམ་པར
134a5 ཤེས་པར་དཀའ་བ་ཡིན་ན། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག་གིས་ལུང་པ་བསལ་བའི་སྒྲ་འམ། སྤ་བ་ཙམ་གྱིས་བཞེངས་པར་གསོལ་བ་ནི་བདག་གི་ཆ་མ
134a6 ཡིན་གྱིས་བདག་གིས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་བཞེངས་པར་གསོལ་གོར་མ་ཆག་སྙམ་སྟེ་། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བླ་གོས་ཕུག་པ་གཅིག་ཏུ་གཟར
134a7 ནས་འདུག་བཞིན་དུ་། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་མགོ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གི་བཞེངས་པར་གསོལ་ཏོ།། མ་གོས
iiif viewer powered by OpenSeadragon
133b - 134b