| | e-texts navigator
|
132b1 དཔག་ཚད་བཞིར་ནི་ཀུན་ཏུ་སྣང་། གྲོང་ཁྱེར་འཚོ་བའི་འབྲུ་མར་སྲན་མགྲེའུ་སྦྱར་བ་སྦར་བ་ཡིས།། འཛམ་གླིང་སྣང་བས་ཁྱབ་གྱུར་དྲིནི་བྱང་ཆུབ་སེམས་ཀྱི་མཐུས།། མོའུ་འགལ་གྱིས་ནི
132b2 མར་མེ་གསད་འདོད་རྫུ་འཕྲུལ་རྒྱ་ཆེན་བྱ་སོ།། རྣམ་པར་འཐོར་བའི་རླུང་གཽ་ཤུགས་བཏང་གསད་པར་ཡོངས་མ་ནུས།། ཚངས་པའི་འཇིག་རྟེན་འདུག་ནས་ཆུ་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ
132b3 ཕབ་ཀྱང་གསད་པར་མ་ནུས་མར་མེ་ཉི་མའི་འོད་བཞིན་སྣང་།། དེ་ནི་ཞག་བཞི་ཁ་འཚོས་རྒྱལ་བྱེད་དགའ་བའི་ཚལ་དུ་འོངས།། དགའ་བའི་སེམས་ཀྱིས་བདེ་གཤེགས་ཞབས་ལ
132b4 ཕྱག་བྱས་ཐལ་སྦྱར་འདུག། མཉམ་མེད་འཛུམ་པ་མཛད་པས་ཀུན་དགའ་བོ་ཡང་རབ་དགའུ་ནས།། གཟི་བརྗིད་མཐའ་ཡས་འཛུམ་མཛད་འདི་ཡི་འབྲས་བུ་ཅི་འདྲ་གསུངས།། དགའ
132b5 བྱེད་འདི་ནི་བསྐལ་པ་ཉི་ཤུ་བརྒྱད་ན་རྒྱལ་བར་འགྱུར།། རང་བྱུང་ཀུན་སྣང་ཞེས་བྱ་འོད་ཀྱིས་སྟོང་ཆེན་བཞི་སྣང་བྱེད།། མ་འོངས་དུས་ན་བདེ་བར་གཤེགས་པ་བྱེ་བ་མནོད་པར་འགྱུར།། དེ་ནི
132b6 ཀུན་ཏུ་འཁོར་ལོས་སྒྱུར་འགྱུར་རྒྱལ་རྣམས་བཀུར་སྟི་བྱེད།། སངས་རྒྱས་རྟོགས་པ་བརྗོད་པའི་མ་ནི་དད་རྣམས་རབ་དྲགའ་བྱེད།། སྐྱེ་བོ་མཁས་པ་དག་གིས་དེ་ཐོས་སེམས་ཀྱང་རབ་ཏུ་དགའ།།
132b7 དེ་ལྟར་རྒྱལ་བ་བསམ་ཡས་སྟོབས་བཅུའི་ཆོས་ཀྱང་བསམ་མི་ཁྱབ།། དགའ་བ་བསྐྱེད་ན་རྣམ་སྨིན་མཚུངས་མེད་བསམ་གྱིས་མི་ཁྱབ་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས
iiif viewer powered by OpenSeadragon
132a - 133a