| | e-texts navigator
|
132a1 འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དགུ་སྣང་བས་ཁྱབ་པར་བྱས་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཟླ་བ་དང་ཉི་མའི་འོད་ཀྱང་ཟིལ་གྱིས
132a2 མ་ན་ན་ན་ས་ཡང་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་ནུབ་པར་གྱུར་ཏོ།། དེ་ནས་འོད་ཟེར་དེ་དག་གིས་བཅོམ
132a3 ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་དུ་མི་སྡང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ
132a4 བཅད་དེ་གསོལ་པ། རྒྱལ་མཆོག་རྣམ་པར་འདྲེན་པ་གང་ཟག་མཆོག། རྒྱུ་མེད་པར་ནི་འཛུམ་པ་མི་མཛད་ན།། ཅི་ཡི་རྐྱེན་གྱིས་ཞལ་ནི་འཛུམ་མཛད་པ།། འཇིག་རྟེན་ཕན་པ་ཐུགས་བཅོས
132a5 བདག་ལ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུནརྀ་དགའ་བོ་གྲོང་ཁྱེར་གྱིས་འཚོ་བ་འདི་བསྐལ་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ངན་འགྲོ་ལོག་པར་ལྷུང་བར་འགྲོ་བར་མི་འགྱུར
132a6 ཏེ། རྟག་ཏུ་ལྷ་དང་མིའི་ཕུན་སུམ་ཚོགས་པ་དག་ཉམས་སུ་མྱོང་ནུས་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བར་འགྱུར་རོ།།
132a7 དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སྟོབས་བཅུ་ལྡན་པ་མཆོད་ཕྱིར་ཟངས་ཆེན་ཕག་སྟོང་གསལ་རྒྱལ་གྱིས། མར་མེ་བཟང་པོ་སྤང་བས
iiif viewer powered by OpenSeadragon
131b - 132b