e-texts navigator
Collection
Volume
Page
Wylie

131b1 དང་ལྡན་པ་མོ་རུ་འགལ་གྱི་བུ་ཆེན་པོ་ས་རྣམ་པར་འཐོར་རླུང་གིས་བསད་པར་བྱས་ཀྱང་གསང་པར་མ་ནུས་སོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཚུངས་པའི་འཇིག་རྟེན་དུ
131b2 འདུག་ནས། སྟོང་གསུམ་འདིརེ་ཤིང་རྟག་སྲོག་ཤིང་ཙམ་གྱི་ཆར་གྱི་རྒྱན་དབུབ་པར་བྱིན་གྱིས་བརླབས་ཏེ། མཱར་མེ་དོའི་སྟེང་དུ་བཏུང་ཡང་གསད་པར་མནུས་སོ།། དེ་ནས་བཅོམ་ལྡན
131b3 འངས་ཀྱིས་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཟོང་ཞིག། མུར་མེ་འདི་ནི་བྱང་ཆུབ་ཀྱི་སེམས་ཀྱིས་སྦར་བ་ཡིན་ལ།། བྱང་ཆུབ་ཀྱི་སེམས་ནི་ཉན་ཐོས་ཀྱིས་ཟིལ་གྱིས་མུན་ནུ་པར་མི་ནུས
131b4 སོ།། དེ་ཅིའི་ཕྱིར་ཞེ་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་མནན་དུ་མེད་པའི་ཕྱིར་རོ།། དེ་ནས་རེ་ཞིག་ན་བུད་མེད་དེ་ཉི་མ་ཤ་རུ་ཏེ
131b5 གྲོང་ཁྱེར་ནས་ཕྱིར་འོངས་ནས། དེས་མཱར་མཻ་དེ་ཤིན་ཏུ་འབར་བ་མཐོང་བ་དང་། དེ་མཆོག་ཏུ་དགའ་བ་ཆེན་པོ་རྒྱས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད
131b6 སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ན་འོད་ཡིན་ཏེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞལ་གྱི་སྒོ་ནས
131b7 འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུམ་འདི་ལྔ་སྟེ། སྔོན་པོ་དང་། སེར་པོ་དང་དམར་པོ་དང་། དཀར་པོ་དང་། བཙོད་ཁ་དང་། ཤེལ་དང་།། དངུལ་གྱི་ཁ་དོག་ལྟ་བུ་དག་འབྱུང་བར་འགྱུར་ཏེ།




iiif viewer powered by OpenSeadragon

131a - 132a

Texts on this page

Ty036-002 - 'phags pa grong khyer gyis 'tsho ba zhes bya ba theg pa chen po'i mdo