e-texts navigator
Collection
Volume
Page
Wylie

131a1 བུའི་ཚེས་བཅོ་ལྔལ་འབྲུམར་རྗེས་ཟུངས་པོ་ཆེ་སྟོང་བཀང་སྟེ་དང་རུ་ནས་མར་མེ་སྦར་བའི་འོད་ཀྱིས་ཁོར་ཁོར་ཡུག་ཏུ་དཔག་ཚད་བཞིར་སྣང་བས་ཁྱབ་པར
131a2 བྱས་སོ།། དེ་ནས་ཡང་དེའི་ཚེ་གཉེན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ན་དགའ་བྱེད་མ་ཞེས་བྱ་བ་གྲོང་ཁྱེར་གྱིས་འཚོ་བ་ཞིག་འདུག་གོ།། དེས་འབྲུ་མར་སྲན་གྲེའུ་དང་སྦྱར་བ་ཉོས་ནས་གཞག་པ་ནི
131a3 ཁ་འཚོས་ཏེ་ཉམ་ཆུང་བར་གྱུར་ཏོ།། དེ་ནུས་འབྲུ་མར་དེ་ཁྱེར་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། ཁྱམས་ཀྱི་ནང་ལོགས་སུ་མར་མེ་སྦར་ཏེ་བཞག་ནས་འདི་ལྟར་སེམས་བསྐྱེད་དེ། བཅོམ
131a4 ལྡན་འདས་བདག་དགེ་བའི་རྩ་བ་འདི་སེ་མ་འོངས་པའི་དུས་ན། ཇི་ལྟར་ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་ལྟ་བ་བཞིན་དུ་བདག་ཀྱང་མ་འོངས
131a5 པའི་དུས་ན་སྟོན་པར་གྱུར་ཏེ། ཆོས་སྟོན་པར་གྱུར་ཅིག། དགེ་འདུན་ཡང་སྡུད་པར་གྱུར་ཅིག་ཅེས་བྱས་སོ།། འདི་ལྟར་ཡང་སེམས་བསྐྱེད་དེ་གལ་ཏེ་བདག་མ་འོངས་པའི་དུས་ན། སངས་རྒྱས་སུ
131a6 འགྱུར་བ་ཞིག་ན། མར་མེ་འདི་བདག་ཕྱིར་མའོངས་ཀྱི་བར་དུ་འབར་བར་གྱུར་ཅིག་ཅེས་བྱས་ནས། མརརུ་མེད་སྦར་ཏེ་གྲོང་ཁྱེར་དུ་སོང་ན། མར་མེ་དེའི་འོད་ཀྱིས་འཛམ་བུའི་གླིང་ཐམས་ཅད་སྣང་བ
131a7 གྱུར་ཏེ་ཀ་ནམ་ནངས་ཀྱི་བར་དུའང་མར་མེ་མ་ཤིའོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཆོས་གོས་ཀྱི་མཐའ་མས་མར་མེ་དེ་བསད་པར་བྱས་ན་གསད་པར་མ་ནུས་སོ།། དེ་ནས




iiif viewer powered by OpenSeadragon

130b - 131b

Texts on this page

Ty036-002 - 'phags pa grong khyer gyis 'tsho ba zhes bya ba theg pa chen po'i mdo