| | e-texts navigator
|
130a1 ལལ་དག་ནི་འདོད་ཆགས་བྲལ་བ་རྙེད་དོ།། ལལ་དག་ནི་ལྔ་དང་མིའི་ཕུན་སུམ་ཚོགས་པ་ཡོངས་སུ་བཟུང་བར་གྱུར་ཏེ། སངས་རྒྱས་གཞན་དག་བང་བ
130a2 བའི་ཕྱིརརྒྱུ་བསགས་པར་ཡང་གྱུར་ཏོ།། དེ་ཐམས་ཅད་ལའང་བཅོམ་ལྡན་འདས་རྗེས་སུ་ཐུགས་རང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔ
130a3 སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དྲང་། བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ
130a4 ཚེ་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱལ་པོའི་འོད་དང་། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པ་དང་། བྱང་ཆུབ་སེམས
130a5 དཔའ་ངན་སོང་སྤོང་བ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་།
130a6 མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་ཐམས་ཅད་དང་ལྡན
130a7 པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷོ་མོ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
iiif viewer powered by OpenSeadragon
129b - 130b