e-texts navigator
Collection
Volume
Page
Wylie

129a1 འཛིན་པ་དེ་ནི་ཁྱད་པར་འཕགས།། གལ་ཏེ་བསོད་ནམས་དེ་ལ་གཟུགས་ཡོད་ན། ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་གང་བུར་འགྱུར།། སྐྱེས་གུ་དྷ།
129a2 མཆོག་ཡེ་ཤེསམ་གཏོགས་པར།། བསོད་ནམས་དེ་ཡི་སྣོད་ནི་ཡོད་མ་ཡིན།། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་།། སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་གྱུར།། དེ་བཞིན་ག་ཤེག
129a3 ཀྱི་དམ་ཆོས་འཛིན་པ་ཡི།། བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པས་བཅོམ་ལྡན་འདས་ལས་དམ་པའི་ཆོས་ཡོངས་སུ་འཛིན་པའི།།
129a4 བསོད་ནམས་བཤད་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ།། རབ་ཏུ་དགའ་ན་སྲ་དགའ་བ་དང་ཡིད་བདེ་བསྐྱེས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
129a5 བྱང་ཆུབ་སེམས་དཔའ་གང་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པར་མི་བགྱིད་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་ལེགས་སོ།། བཅོམ་ལྡན་འདས་གུང་དག་དམ་པའོ་ཆོས
129a6 ཡོངས་སུ་འཛིན་པ་དང་བྲལ་བའི་དགེ་བའི་རྩ་བ་གཞན་ཐམས་ཅད་ནི་བདག་ལ་ཡུངས་འབྲུ་ཙམ་དུ་གདའ་འོ།། དམ་པའི་ཆོས་ཡོངས་སུ་འཛིན་པའི་དྲག་པའི་རྩེ་བ་ནི། ཕྱོགས་བཅུའི་ནམ་མལ།
129a7 ཁམས་ཇི་ལྟ་བ་བཞིན་དུ་བདག་འདུ་ཤེས་གནས་པར་གྱུར་ཏོ།། བཅོམ་ལྡན་འདས་འདི་ལྟར་བདག་སེམས་ཅན་ཐམས་ཅད་ལ་བདེ་བར་འཚལ་བའི་སླད་དུ། ལུས་དང་སྲོག་ཀྱང་བིར་ཏེ། བདེ་བ




iiif viewer powered by OpenSeadragon

128b - 129b

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo