e-texts navigator
Collection
Volume
Page
Wylie

127a1 #ཅན་དུ་གྱུར་ཀྱང་། དེ་དག་བདག་གི་ལྔའི་བུག་གཅིག་གིས་ཡོངས་སུ་གཟུང་བའི་དགེ་བའི་རྩ་བའི་བརྒྱའི་ཆར་ཡང་ཙཱ་བར་རིམ་ནི་བནས། དཔེའི་བར་དུ་བར་མི་མཆིག།
127a2 བཅོམ་ལྡན་འདས་བདག་གི་བསོད་ནམས་ཀྱི་སྟོབས་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་ཕམ་པར་བགྱིས་པ། དེ་བཞིན་གཤེགས་པུས་བསྐལ་པ་བྱེད་རྒ
127a3 མ་མཆིས་པར་ཡང་དག་པར་བསྒྲུབས་པའི་བྱང་ཆུབ་འདི་བསྲུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ལེགས་སོ་ལེགས་སོ།། བྱམས་པ་བཞི་པོ་འདི་དག་ནི་བྱང་ཆུབ
127a4 སེམས་དཔའི་ལས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བདུད་དང་ཉོན་མོངས་པ་ཐམས་ཅད་ཚར་བཅད་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཟིལ་གྱིས་གནན་པ་དང་། སེམས་ཅན་ཡོད
127a5 སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་སྟེ། བྱམས་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལས་སོ།། ལས་བཞི་པོ་དག་ཀྱང་ལས་གཅིག་གིས་ཡོངས་སུ་བསྡུས་སོ།། གཅིག
127a6 པོ་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།། འོད་སྲུངས།
127a7 དང་ཀུན་དགའ་བོ་ཇི་ཙམ་དུ་གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ




iiif viewer powered by OpenSeadragon

126b - 127b

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo