e-texts navigator
Collection
Volume
Page
Wylie

126b1 རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་ཡོངས་སུ་གཏད་དོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདསལ།། བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས
126b2 གསོལ་ཏོ།། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་དུ། བླ་ན་མེད་པའི་དཀོན་མཆོག་གི་མཛོད་འདི་བསྲུང་བར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན།
126b3 བཅོམ་ལྡན་འདས་འདི་ནི་བདག་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ལེགས་སོ།། བཅོམ་ལྡན་འདས
126b4 བདག་དགེའ་ལྡན་གུནས་ན་མཆིས་ཏེ། འདི་ལྟ་བུའི་མུདོ་སྡེ་དག་ཀུན་ཏུ་བསྲུང་བ་དང་། ཡོངས་སུ་གཟུང་བ་དང་། ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་ནན་ཏན་དུ་བགྱིའོ།། བཅོམ
126b5 ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། འདི་ལྟ་བུའི་མདོ་སྡེ་རྣམས་སུའི་རྣ་བར་གྲག་པར་འགྱུར་བ་དང་། ཐོས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞུན་དག་ལ་འང་རྒྱ་ཆེར
126b6 རབ་ཏུ་སྟོན་ཅིང་བདག་ཉིད་ཀྱང་སྦྱོར་བར་བགྱིད་པ་དེ་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱི་རླབས་སུ་རིག་པར་བགྱིའོ།། བཅོམ་ལྡན་འདས་དེའི་ཚེ་བདུད་ཀྱི་ཕྱོགས
126b7 ཀྱང་གཡོས་པར་འགྱུར་ཏེ། འོན་ཀྱང་དགེ་བའི་རྩ་བ་གང་གིས་བདག་གི་སྤུའི་ཁུ་བུ་རེ་རེ་གྲུབ་པ་དེ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བདུད་སྡིག




iiif viewer powered by OpenSeadragon

126a - 127a

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo