e-texts navigator
Collection
Volume
Page
Wylie

125b1 ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པས། བདག་ཅག་བྱམས་པ་དང་སྙིང་རྗེར་ལྡན་ཏེ། ཆོས་ཀྱི་རྣམ་གྲང།
125b2 འདི་བསྲུང་བའི་སླད་དུ་ནན་ཏན་དུ་བགྱིའོ།། གང་ཆོས་སྨྲ་བ་དེ་དག་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་སྡུད་ཅིང་མདོ་སྡེ་འདི་འཛིན་པ་དདུ་ག་འཆང་བ་དྲང་ཀློག་པ་དང་། འཆད་པ་དང་། ཐུན
125b3 གླེགས་བུམ་དུ་བྲིས་ཏེ་འཆང་བ་དེ་དག་དགོན་པར་མཆིས་སམ། ལམ་གོལ་བར་མཆིས་སམ། གྲོང་དང་གྲོང་ཁྱེར་རམ། གྲོལ་རྡུལ་དུ་མཆིས་སམ།། ཡུལ་འཁོར་ཏམ། རྒྱལ་པོའི
125b4 པོ་ཟུང་འཁོར་དུ་མཆིས་ཀྱང་རུང་ཆོས་ཀྱི་གཏམ་བགྱིད་ཀྱང་རུང་སྡེ། ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་འཆད་ན་བསམ་པར་བགྱིའོ།། བསྲུང་བ་དང་། བསྒྲུབ་པ་དང་སྦ་བར
125b5 བགྱིའོ།། དེ་དག་ལ་སྤྲོ་བ་སྩལ་བར་བགྱིའོ།། སྟོབས་ཡོངས་སུ་རྫོགས་པར་བགྱིའོ།། དྲན་པ་བསྒྲུབ་པར་བགྱིའོ།། བློ་གྲོས་ཡོངས་སུ་གཟུང་བར་བགྱིའོ།། རྟོགས་པའི
125b6 རྗེས་སུ་འཇུག་པར་བགྱིའོ།། སྤོབས་པསྩལ་བར་བགྱིའོ།། མ་དད་པ་རྣམས་དད་པར་བགྱིའོ།། དད་པ་རྣམས་བསྒྲལ་བར་བགྱིའོ།། བཅོམ་ལྡན་འདས་ཇི་ལྟར་དེ་བཞིན
125b7 གཤེགས་པའི་ཆོས་ཀྱི་ཚུལ་བདག་ཅག་གིས་ཡོངས་སུ་བཟུང་སྟེ། རྒྱ་ཆེར་འགྱུར་བ་དེ་ལྟར་བགྱིའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། མི་མཛད་ཀྱི་བདག་པོ




iiif viewer powered by OpenSeadragon

125a - 126a

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo