| | e-texts navigator
|
124b1 བསྲུང་བ་དང་བསྐྱབ་པ་དང་། སྦ་བར་བགྱིའོ།། བཅོམ་ལྡན་འདས་བདག་ཅག་ཆོས་མཉན་པའི་སྲད་དུ་ཆོས་སྨྲ་བདེ་དག་གི་གན་དུ་མཆི་བར་བགྱིའོ།། ཁྲོ་ཞིང་ག་ཤེའང་དང་དུ་བླང་བར
124b2 བགྱིའོ།། བདུད་པར་ཆད་བགྱིད་པའི་གནོད་པ་ཐམས་ཅད་ལས་ཀྱང་བསྲུང་བ་དང་བསྐྱབ་པ་དང་། སྡུ་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བ་ཀྲོའུ་ཤི་ཀ་ཇི་ལྟ
124b3 བུར་ཁྱོད་ལྔའི་དབང་པོ་ཐོབ་པས་ཆོས་ཀྱི་དབང་པོར་ཞུགས་ན་ས། ང་དང་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར། སེང་གེའི་སྒྲ་སྒྲོགས་པ་ལེགས་སོ་ལེགས་སོ།།
124b4 དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་དེ་བཞིནི་གཤེགས་པ་གཅིག་གི་དམ་པའི་ཆོས་ཡོངས་སུ་བཟུང་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ
124b5 པའི་ཆོས་ཡོངས་སུ་བཟུང་བ་ཡིན་ནོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ་དེ་ལ་རིགས་ཀྱི་བུ་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི
124b6 ཚིག་བཤད་ཀྱིས་དགུག་པའི་ཚིག་གང་གིས་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བའི་ཕྱིར་གནས་པར་འགྱུར་བ་ཉོན་ཅིག། དེ་དག་ལ་དགུག་པའི་ཚིག་འདི་རྣམས
124b7 སོ། འདི་ལྟ་སྟེ་ཀ་མཻ་ཏྲྀ། བུ་བྷ་མཾ་ཏྲི་ཀ་དྷརྨ་མཻ་ཏྲི། མཾ་ཏྲུ་ནུ་ས་ཧི་ཏེ། ས་མ་མཻ་ཏྲི། སན་དྷི་མཾ་ཏྲི། ཨ་ནུ་ག་མ་མེ་ཏྲི། ཨ་ནུ་ར་ཀྲཱ་མཻ་ཏྲི། ཨ་ནུད་དྲུ་ར་མཻ་ཏྲིསད་ཏྱ་མཻ་ཏྲྀ་དྷརྨ་མཾ་ཏྲི
iiif viewer powered by OpenSeadragon
124a - 125a