| | e-texts navigator
|
123b1 ཚིག་གི་མཚམས་སུ་ཚིག་གི་མཚམས་སྦྱར་བར་བགྱིའོ།། སྤོབས་པའང་སྩལ་བར་བགྱིའོ།། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། དགའ་བའང་འཕེལ་བར་བགྱིའོ།། དེ་སྐད་ཅེས་གསོར
123b2 བ་དང་། བཅོམ་ལྡན་འདས་ཀྱིས།། རྒྱལ་པོ་ཆེན་པོ་དེ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གྲོགས་པོ་དག་འདི་ལྟ་སྟེ། ཁྱེད་ནི་ངའི་བུ་ཆོས་ལས་ཆོས་ཀྱིས་བྱུང་བ་སྟེ།། ཁྱེད་རྣམས་ངའི་དམ་པའི
123b3 ཆོས་ཡོངས་སུ་གཟུང་བའི་ཕྱིར་སྤྲོ་བ་སྟོན་པ་ནི་ལེགས་སོ་ལེགས་སོ།། ཁྱེན་རྣམས་ཆོས་ཀྱི་རྒྱུ་འཐུན་པ་འདིས། འཇིག་རྟེན་དུ་འཇིག་རྟེན་གྱི་བདག་པོར་འགྱུར་ཏེ། འཇིག་རྟེན་ཐམས་ཅད་ལས
123b4 ཡང་དག་པར་འདས་ནས། འཕགས་པ་མྱ་ངན་འདས་པའི་དབྱིངས་སུ་མྱ་ངན་ལས་འདུའ་བར་འགྱུར་རོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ
123b5 འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་བཤད་པར་བྱ་སྟེ། རིག་པའི་གསང་སྔགས་ཀྱི་ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་ཆོས་ཀྱི་རྣམ
123b6 གྲངས་འདི་བསྲུང་བ་དང་། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གནས་པར་འགྱུར་རོ།། དེ་ལ་ཚིག་ནི་འདྲི་རྣམས་སོ།། འདི་ལྟ་སྟེ། ཤུ་དྷེ། ཤུ་བྷ་མ་ཏི། ཤུ་དྷ་བྱཱ་ཧི་གཱ་དངྒ་ར།
123b7 ད་རི་ཌེ་ག་ཏུ་ར་ཎེ། ད་མ། ཤ་མེ། ཨུ་པ་ཤ་མེ། ཁུ་བེ། ཨུག་ཁུ་རེ། ཨ་སོ་མུ་ཁེ། དྷ་ར་ནི། ཨཱ་རད་ཎེ། ཤུ་ཤྲུའུ་ཥེ། ས་ཧི་ཏེ། ཨ་བྷ་དེ། དྷེ་ད་སན་དྷི་ས་མེ། ས་མ་པ
iiif viewer powered by OpenSeadragon
123a - 124a