| | e-texts navigator
|
123a1 ས་མ་པ་ཐཱ། པ་ཐ་ཤུད་དྷི། པ་ཐཱ་ནུ་ག་མ། པ་ཐཱ་སན་དྷི། པྲད་ཛྙཱ་མུ་ཁེ་ཨཱརྱ་ཀོ་རུ་ལེ། བྷོརུ་ཏ་རཀྵེ། ཨཱ་མེ་ས་ཙ། མེ་ནེ་ས་ཙ་ཏཱ་མ་སཙ་ཀ་ཏ་ཏ་མ་ས་ཙ།
123a2 བུདདྷ་པཱ་ད་དྷརྨཱ་ནུ་སན་དྷི། ཨཱརྱ་ག་ཎྜེ་ནུ་ག་མ། ཨ་ནཨཱརྱ་ནི་ར་གྷེ་ཏ་ནི། རུཉྫ་པྲ་སཱ་ད་ནི། ཨི་ཤྭ་རེ་པཱ་ད་ལོ་ཀ་ཙིད་ཏཱི་ཀྲྀ་ཏ། ཨ་ནུ་ར་ཀ་ཡུན་ཏུ། ཨི་མཱན། དྷརྨ་སན་དྷི། བི་བྷ་ཛན?་དུ་ནི་རུག།
123a3 ཏི་ནརྀར་དེ་། པྲ་ཏི་རཀྵན་ཏུ། དྷེ་རྨདྷ་རཱ་ཏྲ། རིགས་ཀྱི་བུ་འདི་དག་ནི་རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་གོ། དེ་ནས་རྒྱལ་པོ་ཆེན་པོ་བཞི་འཇིགས་ཤིང་སྦག་སྟེ། སྤུ་ཟིང་ཞེས་བྱེད་ནས།
123a4 བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག
123a5 རྒྱལ་པོ་ཆེན་པོ་བཞི་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ཡུན་རིང་དུ་གནས་པར་བགྱི་བ་དང་། རྗེས་སུ་གཟུང་བའི་སླད་དུ་གནས་པར་བགྱིའོ།། གང་ན་ཆོས་ཀྱི
123a6 རྣམ་གྲངས་འདི་སྤྱོད་པ་དེར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་གང་དག་ཆོས་མ་ལགས་པར་འཚལ་བར་འགྱུར་བ་དེ་དག་ཤིན
123a7 ཏུ་ཚར་གཅད་པར་བགྱིའོ།། གང་དག་ཆོས་འཚལ་བར་འགྱུར་བ་དེ་དག་གི་སེམས་རབ་ཏུ་དགའ་བར་འགྱུར་རོ།། ཆོས་སྨྲ་བ་དེའི་འཁོར་གྱི་དཀྱིལ་འཁོར་ཡང་ཡོངས་སུ་ལེགས་པར་གཞག་པར་བགྱིའོ།།
iiif viewer powered by OpenSeadragon
122b - 123b