e-texts navigator
Collection
Volume
Page
Wylie

122a1 དཀྲིགས་པ་དང་། གཏམས་པ་དང་།། ཁྱད་ཕྱིན་དང་། མི་འཁྲུགས་པ་ཕྲག་འདི་སྙེད་ཅིག་ཅེའམ། སངས་རྒྱས་ཀྱི་ཞིང་འདི་སྙེད་ཅིག་ཏུ་འམ། སངས་རྒྱས་ཀྱི་ཞིང་བརྒྱུ
122a2 ཕྲག་འདི་སྐྱེད་ཅིག་ཅེའམ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་འདི་སྙེད་ཅིག་ཅེ་འམ། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་འདི་སྐད་ཅིག་ཡོད་དོ་ཞེས་རབ་ཏུ་མཁྱེན་ཏོ།། རིགས་ཀྱི་བུ་བྱང་ཆུབ་པ་དད
122a3 པ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ་སྦྱིན་པ་བྱིན་པ་བྱས། ཇི་ལྟར་སྐྱེས་བུ་དམ་པ་དམ་པའི་ཆོས་ཡོངས་སུ་འཛིན་པ་གང་ཡོན་ཏན་གྱི་ཆོས
122a4 འདི་ལྟ་བུ་ལ་གནས་པ་དེ་དག་གིས་དེ་བཞིན་གཤེགས་པ་གཅིག་གི་དམ་པའི་ཡོངས་སུ་བཟུང་ན། འདི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ།། ཡུངས་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས
122a5 བཅོམ་ལྡན་འདས་རྣམས་གང་ལ་ལ་ཞིག་གིས་སྟི་སྤྱང་དུ་བྱས།། བླ་མར་བྱས། རི་མོར་བྱས་ཏེ། གང་མཆོད་པ་བྱས། གང་ཟབ་མོའི་ཆོས་ལ་བཟོད་པ་ཐོབ་པ་དེ་ནི། དེ་བས་བསོད་ནམས་ཆེས
122a6 མང་དུ་སྐྱེད་དོ།། ཡུངས་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་བྱིན་པ་བས།། གང་བཞིན་ཞིག་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ཆོས་ལ་རབ་ཏུ
122a7 དགའ་ཞིང་བཟོད་པས་གོམ་པ་བདུན་བོར་ན། དེ་བས་དེ་བསོད་ནམས་ཆེས་མང་དུ་སྐྱེད་དོ།། ཡུངས་འབྲུ་དེ་དག་ཇི་སྙེད་པ་དེ་སྐད་དུ། བརྒྱ་བྱིན་དང་། ཚངས་པ་དང་། འཁོར་ལོས་སྒྱུར




iiif viewer powered by OpenSeadragon

121b - 122b

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo