e-texts navigator
Collection
Volume
Page
Wylie

121b1 ཐུག་པ་གང་ཡང་མེད་དོ།། ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེརང་སངས་རྒྱས་ཀྱི་ཞིང་དེ་སྙེད་དོ།། རིགས་ཀྱི་བུ་འདི་ཇི་སྙམ་དུ་རྣམས། ཕྱོགས་བཅུའི་སངས་རྒྱས་ཀྱི
121b2 ཞིང་དེ་དག་གི་རྡུལ་ཕྲ་རབ་རྣམས་ཚུལ་དེ་ལྟ་བུས་ཕྱོགས་བཞག་པཱ་ལ་ཚད་དམ་མཐའ་རྟོགས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་ནུས་སོ།། གཞན་དུ་ན་དེ་བཞིན་གཤེག
121b3 པས་སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མི་མངའ་བས་མཁྱེན་པ་ནི་མ་གཏོགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་དག་ལས་གང
121b4 དུ་རྡུལ་ཕྲ་རབ་དེ་དག་བཞག་པར་གྱུར་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་གྱུར་ཏེ་རྩིག་པས་བསྐོར་ནས། འོག་གི་ཆུའི་ཕུང་པོ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་གྱི་གྲོང་ཁྱེར
121b5 དེ་དག་ཡུངས་འབྲུ་མི་རྩུབ་པ་འབྲའ་ཞིག་གིས་ཡོངས་སུ་གང་བར་གྱུར་ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས།། ཡུངས་འབྲུ་དེ་དག་མང་ངམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས
121b6 པས་ཇི་ལྟར་དཔེ་འདི་བརྩལ་བ་ངོ་མཚུར་ཏོ།། བཅོམ་ལྡན་འདས་གང་དཔེ་འདི་ཐོས་ནས་དད་པར་འགྱུར་བའི་སེམས་ཅན་དེ་དག་ཀྱང་ངོ་མཚུར་རྨད་དུ་བྱུང་བའི་ཆོས་དང་ལྡན་པར་འགྱུར་རོ།། བཅོམ
121b7 ལྡན་འདས་ཀྱིས་བཀའ་སྩལ་པ། ཀ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཡུངས་འབྲུ་དེ་དག་བརྒྱ་ཕྲག་འདི་སྙེད་ཅིག་ཅེའམ། སྟོང་ཕྲག་འདི་སྙེད་ཅིག་ཅིའམ་ག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཅེའམ




iiif viewer powered by OpenSeadragon

121a - 122a

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo