| | e-texts navigator
|
120b1 གཡེལ་བ་མ་མཆིས་འགྱུར་བར་བགྱི།། དུལ་བ་དང་ནི་ནི་བ་དང་།། གྲོལ་ནས་གོང་དུ་ཞུགས་ནས་ཀྱང་།། སེམས་ཅན་གང་དག་ཆོས་ཚུལ་བ།། དེ་ལ་བདག་ཅག་ཆོས་བསྟན་ཏོ།། ཆོས
120b2 འདོད་པར་ནི་རྟོགས་ནས་སུ།། ཤིན་དུ་རིང་དུའང་མཆི་བར་བགྱི།། ཆོས་ལ་དགའ་ཞིང་མོས་རྙེད་ནས།། སེམས་ཅན་རྣམས་ཀྱི་དོན་ཡང་བགྱི།། སེམས་ཅན་རྣམས་ཀྱི་འཁྲུལ་མང་པོ།།
120b3 དེ་དག་མངོན་པར་མཐོང་ནས་ཀྱང་།། ཆོས་དང་ངེས་པར་རབ་གནས་ནས།། བདག་ལ་རྟག་ཏུ་བརྟགས་པར་བགྱི།། བསྟི་སྡང་བགྱིས་དང་མ་བགྱིས་ལ།། རི་རབ་ལྟ་བུར་གྱུར་ནས་།
120b4 འཇིག་རྟེན་གྱིས་ནི་མི་གོས་པ།། འཇིག་རྟེན་འདྲེན་པར་འགྱུར་བར་བགྱི།། དགེ་སློང་ཚུལ་ལས་ཉམས་རྣམས་ཀྱིས།། མི་སྙན་པ་དག་རྟོགས་ནས་ཀྱང་།། ལས་ནི་བདག་གིར་བྱེ་བར་བགྱི།།
120b5 དེ་དག་ལས་ནི་སྨིན་མ་འགྱུར།། ཆོས་རྣམས་ལ་ནི་གནས་པ་ལ།། ངེད་ལ་དེ་འདྲའི་ཆོས་རྣམས་ནི།། ཇི་ལྟ་བུ་ཡང་ཡོད་མེད་ཅེས།། གཤེད་མ་དག་ནི་འགྱེད་པར་འགྱུར།། བདག་ཅག་མིང།།
120b6 གི་དགེ་སྦྱོང་སྟེ།། དགེ་སྦྱོང་ཡོན་ཏན་མེད་ངོ་ཞེས།། ཡང་དག་བསྐུལ་བ་ཐོས་པ་དང་།། མདོ་སྡེ་འདི་ནི་སྤོང་བར་འགྱུར།། སྣ་དང་སྣ་ཆད་དེ་དག་ནི།། མེ་ལོང་དགའ་བར་མི་འགྱུར་ལྟག།
120b7 ཡང་དག་བསྐུལ་བ་ཐོས་པ་དང་།། དེ་དག་དམ་ཆོས་སྤོང་བར་འགྱུར།། དགེ་སློང་གང་དག་དམ་པའི་ཆོས།། རབ་ཏུ་འཛིན་པ་འབྱུང་འགྱུར་ཏེ།། དེ་དག་བཞིན་དུ་ཚུལ་འཆོས་ཀྱང་།།
iiif viewer powered by OpenSeadragon
120a - 121a