| | e-texts navigator
|
119b1 ཚོགས་ཀྱི་ནང་ནས་རྙེད་པ་རྡོལ།། སྦྱིན་པ་དག་ལ་ཕྱིར་སྦྱིན་བརྗོན།། རྟོག་པ་བཅས་ཤིང་མྱ་པྲ་བནས།། ང་ཡིར་འདུ་ཤེས་བཟུང་ནས་སུ།། མངབ་སྲོང་སེར་ཁྱིམ་ལ་དགའ།། དེ་དག་དེ་དུ
119b2 རང་འཇུག་ཅིང་།། འཇིག་རྟེན་པ་ཡི་གཏམ་རྣམས་བགྱིད།། ཞིང་གི་དོན་དང་ཁྱིམ་གྱི་དོན།། དེ་དགའོ་ཚང་བགྱིད་ལ་གནས།། ཐོང་གཤོལ་ཤལ་བ་རྣམས་ལྡན་ཡང་།། བདག་ཅག་དགེ་སློང
119b3 ཡིན་ཞེས་འཛེར། དམིགས་པ་ཡི་ནི་རབ་ཏུ་འགྱིད།། ལྟ་བ་ཐ་དད་ཀུན་ཏུ་གནས།། སྟོང་པ་ཉིད་ཀྱི་ཆོས་ཐོས་ནས།། དེ་དག་གཡུངས་བཞིན་དུ་འགྱུར།། འཇིག་རྟེན་ཕ་རོལ་མི་སྤྱོད
119b4 ཅིང་ལས་ཀྱི་རྣམ་པར་སྨིན་པ་འདོར།། བརྫུན་དུ་སྤུ་དང་རབ་ཏུ་ལྡན།། ཆོས་མ་ལགས་ལ་ཆོས་སུ་འཛིན།། དགེ་སློང་རྒྱལ་པོ་རབ་འཁྲུག་ཅིང་།། དེ་ལྟར་རབ་ཏུ་མ་རུངས་པ།
119b5 རྣམ་པར་འཇིག་ཚེ་སེམས་ཅན་ཕྱིར། བདག་ཅག་དམ་ཆོས་བཟུང་བར་བགྱི།། མདོ་སྡེ་རྣམས་ཀྱང་ཕན་ཚུན་དུ།། འཐུན་པར་དཔྱོད་པར་མི་བགྱིད་དེ། ཀུ་རང་རང་གི་ནི་སྣ་རྣམས་ལ།
119b6 དེ་དག་རྟག་ཏུ་མོས་པར་བགྱིད།། མདོ་སྡེ་གང་དག་རབ་ཟབ་ཅིང་།། རྣམ་གྲོལ་འབྲས་བུར་ལྡན་པ་རྣམས།། རབ་ཏུ་འཛིན་པར་མི་བགྱིད་དེ།། དེ་དག་སྣ་ཚོགས་གཏམ་རྣམས་བགྱིད།།
119b7 འདི་འདྲ་བ་མི་དུས་འདི་ན།། དོན་བཅས་ཚིག་འབྲུར་ལྡན་པ་ཡི།། ལེགས་པར་གསུངས་པའི་ཆོས་རྣམས་ནི།། རབ་ཏུ་རྣམ་པར་འཇིག་པར་འགྱུར།། དེ་ཡི་ཆེན་སེམས་ཅན་ཡང་།། རབ
iiif viewer powered by OpenSeadragon
119a - 120a