| | e-texts navigator
|
119a1 ཅག་རྣམས།། ལུས་དང་སྲོག་ཏུ་བཅས་བཏང་སྟེ། དམ་པའི་ཆོས་ནི་གཟུང་བར་སྤྲོ།། རྙེད་དང་བཀུར་སྟི་སྤངས་ནས་སུ།། སྟེན་པ་ཀུན་ཀྱང་རབ་སྤངས་ཏེ།། སངས
119a2 རྒྱས་ཡེ་ཤེས་བསྟུན་པ་ཡི།། ཆོས་འདི་རྗེས་སུ་མི་གཏང་ངོ་།། དམ་པའི་ཆོས་ནི་གཟུང་སླད་དུ།། གཤེ་དང་མི་སྨན་མཆི་བ་དང་།། ངན་དུ་སྨྲ་བའི་ཚིག་རྣམས་ཀྱང་།། བཟོད་པས་དེ་དག་དང་དུ
119a3 བླང་ཚུལ་འདི་རབ་ཏུ་བཟུང་ནས་སུ།། ཅོ་འདྲི་བ་དང་བསྡིགས་པ་དང་།། མི་བསྔགས་པ་དང་མི་སྙན་པ།། དེ་དག་ཐམས་ཅད་བཟོད་པར་བགྱི།། དམིགས་པ་དགུ་ལ་རབ་གནས་པ།
119a4 བདུད་ཀྱི་པོ་ཉ་བདུད་ཀྱི་ཕྱོགས།། དམ་པའི་ཆོས་ལ་སྐུར་འདེབས་པའི།། དགེ་སློང་དག་ནི་འབྱུང་བར་འགྱུར།། ཚུལ་ཁྲིམས་འཆལ་པ་སྡིག་ཆོས་ཅན།། ཁྱིམ་པ་དང་ནི་སྟེན་ཅིང་གནས།
119a5 བཀུར་སྟིང་ག་དང་རྙེད་ལ་བཏམ།། ཆོས་འདི་ཚུལ་བར་མི་བགྱིད་དོ།། འཇིག་རྟེན་རྒྱང་འཕེན་རྣམས་དང་འདྲེ།། བདག་ལ་རབ་ཏུ་སྟོང་བགྱིད་ཅིང་།། རབ་ཏུ་ངེས་པ་རྣམས་ལ་སྡོད།། མི་མ
119a6 ང་རྒྱལ་ཅན་དག་འབྱུང་།། དགོན་པའི་གནས་ནི་སྤངས་ནས་སུ།། རྟག་ཏུ་འདུ་འཛི་རྣམས་ལ་དགར།། འཇིག་རྟེན་གསུང་ཚིག་རྣམས་ལ་བརྩོན།། འཇིག་ཚོགས་ལ་ནི་རབ་ཏུ་གནས།
119a7 མཁས་པ་དག་དགེ་འདུན་ལས།། ཞལ་ད་བྱེད་ལ་རྟག་ཏུ་བརྩོན།། བསམ་གཏན་བསམ་གཏན་བྱེད་སྤངས་ཏེ།། དཀོན་མཆོག་གསུམ་དང་འདྲེ་མི་བགྱིད།། ཐོས་དང་ཁྲིམས་ཀྱིས་མ་ལགས་།
iiif viewer powered by OpenSeadragon
118b - 119b