| | e-texts navigator
|
118b1 ནི་ཁྱིམ་བུ་སྨད་དང་། བྲན་བྲོ་དང་། བྲན་མོ་དང་། ལས་བགྱིད་པ་རྣམས་ལ་སྩལ་ཏོ།། གཏེར་ཆེན་པོ་གཅིག་ནི་དབུལ་པོ་སྤོང་བ་ཐམས་ཅད་ལ་སྤྲུལ་ཏོ།། གཏེར་ཆེན་པོ་གཅིག་ནི་དགེ་སློང
118b2 ཕྱོགས་བཞི་ནས་ལྤགས་པའི་ཕྱོགས་བཞིརྗེ་དགེ་སློང་གི་དགེ་འདུན་ལ་དབུལ་ལོ།། གཏེར་ཆེན་པོ་གཅིག་ནི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་དབུལ་ལོ།། བཅོམ་ལྡན
118b3 འདྲས་པ་དག་ནི་ཡང་བར་གྱུར་ཏེ། གངའི་བ་མཆིས། ཡོངས་སུ་འཛིན་པའང་མ་མཆིས་ན། བཅོམ་ལྡན་འདས་བདག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས
118b4 ཤིང་དགེ་སློང་གི་ཚུལ་ཐོབ་པར་བགྱིར་གསོལ། དགེ་བསྙེན་དཔལ་སྦས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་ནས་དགེ་སློང་གི་ཚུལ་ཐོབ་བོ།། དེ་ནས
118b5 བཅོམ་ལྡན་འདས་ལ།། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན།། བསྐལ་པ་གྲངས།
118b6 མ་མཆིས་པ་བྱེ་བ་ཡང་དག་པར་བསྒྲུབས་པའི་བྱང་ཆུབ་འདི་སུ་འཛིན་པར་འགྱུར། དེ་ནས་འཁོར་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་ལངས་ནས། དེ་དག་ཐམས་ཅད
118b7 ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། སྒྲ་སྐད་དབྱངས་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། བཅོམ་ལྡན་རྐང་གཉིས་དམ་པ་ནི།། མྱ་ངན་འདས་སྤང་བདག
iiif viewer powered by OpenSeadragon
118a - 119a