| | e-texts navigator
|
118a1 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལེགས་སོ་ལེགས་སོ།། ངས་བཤད་པའི་དོན་ཁྱོད་ཀྱིས་ཁོང་དུ་ཆུད་དེ་འངས་ཁྱིམ་བདག་ཁྱོད་ལུང་བསྟན་གྱིས
118a2 སེམས་དང་ལྷག་པའི་བསམ་པ་འདིས་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས་ཏེ་མཆོད་ནས་དེ་དག་གི་ཐད་ནས་ཚངས་པར
118a3 སྤྱད་པ་སྤྱོད་པར་འགྱུར།། དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ།། འདིའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས་བགྲང་བ་ལས་འདས་པ་ཇི་སྙེད་ཅིག་མཉེས་པར་བྱས་།
118a4 བསྐལ་པ་གྲངས་མེད་པ་བདུན་བརྒྱན་ཤིན་ཏུ་དྲི་མ་མེད་པའི་བསྐལ་པ་ལ། དེ་བཞིན་གཤེགས་པ་ཀུན་ནས་ལྡང་བ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་སྟེ། རིག་པ
118a5 དང་ཞབས་སུ་ལྡན་པ་ཞེས་བྱ་བ་ན། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་དུ་འགྱུར་རོ།། དེ་ནས་དགེ་བསྙེན་དཔལ་སྲས་ཀྱིས་བཅོམ་ལྡན་འདས་ལས་བདག་བླ་ན་མེད་པ་ཡང་དག
118a6 པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། རྒྱན་ཅི་ཐོགས་པ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས།
118a7 ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་ཁྱིམ་ན་གཏེར་ཆེན་པོ་བཞི་མཆིས་ཏེ་། རིན་པོ་ཆེ་མང་པོ་དང་། གསེར་གྱིས་ཡོངས་སུ་གང་བའོ།། དེ་དག་ལས་གཏེར་ཆེན་པོ་གཅིག།
iiif viewer powered by OpenSeadragon
117b - 118b