e-texts navigator
Collection
Volume
Page
Wylie

117b1 ཤེས་རྗེས་སུ་ཐོབ་པར་འགྱུར་རོ།། བསྣུན་པ་འདྲི་བ་ཤད་པན།། བྱང་ཆུབ་སེམས་དཔའ་མང་པོ་ཞིག་ལས་དང་།། ཉོན་མོངས་པ་དང་། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལྡང་བུ་དང་།། བརྗོད་བཀུན
117b2 ནས་ལྡང་བ་ཐམས་ཅད་དང་བྲལ་ཏེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། །། བམ་པོ་བརྒྱད་པ།། །། དེ་ནས་དགེ་བསྙེན་དང་ལ
117b3 སྲས་ཞེས་བྱ་བས་པ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་རྣམ་གྲོལ་བའི་སྒོ་ཆོས་ཀྱི་རྣམ་གྲང
117b4 འདི་ནི་བཅོམ་ལྡན་འདས་ཀྱིས་བདག་གི་སླད་དུ་བཤད་དོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ལ་གསད་པའི་སླད་དུ་བརྟུལ་ཞུགས་ཀྱིས་བསྟན་པར་བགྱིས
117b5 ཏེ་བཤོས་ཀྱང་དུག་དང་བསྲེས་པ་སྦྱར་བ་དེས་ཀ་བཅོམ་ལྡན་འདས་ལས་བདག་གིས་ཆོས་མེང་དུ་ཐོས་ཀྱང་འགྱོད་པ་རབ་ཏུ་བསལ་བར་ནུས་ཀྱི་ས་བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ
117b6 གྲངས་འདི་ཐོས་ནས།། འགྱོད་པ་དེ་ཐམས་ཅད་མ་མཆིས་པར་གྱུར་ཏེ། ཆོས་ཐམས་ཅད་ལ་སྣང་བ་འང་སྐྱེས་སོ།། བཅོམ་ལྡན་འདས་བདག་ནི་འགྱོད་པ་མ་མཆིས་པ་ཐེ་ཙོམ་མ་མཆིས་ཏེ།
117b7 སྣང་བ་ཐོབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་དགྱི་སྟེ། བཅོམ་ལྡན་འདས་དཔེར་ན་བདུད་སྡིག་ཅན་ལྔར་བདག་ཀྱང་ཁྱད་པར་དུ་མཆི་བར་འགྱུར་རོ།།




iiif viewer powered by OpenSeadragon

117a - 118a

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo