e-texts navigator
Collection
Volume
Page
Wylie

117a1 མེད། སྐྱེ་བའང་མེད་པ། འགུག་པའང་མེད་དོ།། དེ་ལ་ནམ་མཁའི་ཁམས་ཇི་ལྟ་བར་རང་བཞིན་ཡང་དེ་བཞིན་ནོ།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཇི་ལྟ་པར་རླུང་ཡང་།
117a2 དེ་བཞིན་ནོ།། ལས་དང་ཉོན་མོངས་པ་ཇི་ས་པར་ནུའང་དེ་བཞིན་ནོ།། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་ཇི་ཝཱ་རུ་སའི་ཁམས་ཀྱང་དེ་བཞིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ
117a3 ཆད་པ་ནས་བྱ་སྟེ། སྙིང་པོ་མེད་པའི་རྩ་བ། མི་གནས་པའི་རྩ་བ། དག་པའི་རྩ་བ། རྩུ་བ་མེད་པའི་རྩ་བའོ།། ཀྱེ་གྲོགས་པོ་དྲུག་དེ་ནི་རང་བཞིན་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཆོས་སྣ
117a4 བའི་སྒོ་སྟེ། སྒོ་གང་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་ཐམས་ཅད་ཀྱི་སྒོལ་མི་ཆགས་ཤིང་རྣམ་པར་དག་པའི་སྒོ་ཐམས་ཅད་ཀྱང་མི་སྙེམས་པའོ།། དེ་དག་ཐམས་ཅད་སྙེམས
117a5 པ་ཡང་དག་པར་བཅོམ་པས་ཚུལ་དང་འདྲ་བར་འགྲོ་བའི་ལམ་དུ་ཆུད་དེ། བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བར་འགྱུར་རོ།། དེ་དག་བདུད་ཀྱི་ཡུལ་ལས་ཡང་དག་པར་འདས་པས་སྤངས
117a6 རྒྱས་ཀྱི་ཡུལ་ལ་རབ་ཏུ་གནས་པར་འགྱུར་རོ།། དེ་དག་སངས་རྒྱས་ཀྱི་ཡུལ་ལ་རབ་ཏུ་གནས་པས་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལ་འཇུག་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་ཡུལ
117a7 ལ་ཞུགས་པས། ཆོས་ཀྱི་དབྱིངས་ཀྱི་ཡུལ་འཁྲུག་པར་མི་བྱེད་པར་འགྱུར་རོ།། དེ་དག་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་སོང་སྟེ་མཉམ་པ་བྱེ་བྲག་མེད་པ་ཐོབ་པས་ཐམས་ཅད་མཁྱེན་པའི་ཡེ




iiif viewer powered by OpenSeadragon

116b - 117b

Texts on this page

Ty036-001 - 'phags pa nam mkha' mdzod kyis zhus pa zhes bya ba theg pa chen po'i mdo