| | e-texts navigator
|
99a1 ཡང་གསུམ་སྟེ། དྲན་པས་དམ་པའི་ཆོས་ཀུན་ཏུ་འཛིན་པ་དང་། བློ་གྲོས་ཀྱི་ཚུལ་བཞིན་དུ་སོ་སོར་རྟོག་པ་དང་རྟོགས་པས་དོན་གྱི་རྣམ་པ་ཁོང་དུ་ཆུད་པའོ།།
99a2 གཞན་ཡང་གསུམ་སྟེ། ཉན་ཐོས་རྣམས་ལ་འཕགས་པའི་བདེན་པའི་སྒྲའི་རྗེས་སུ་ཞུགས་པས་རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་། རང་སངས་རྒྱས་རྣམས་ལ་རྟེན་ཅིང་འབྲེལ་པར
99a3 འབྱུང་བ་ལ་རྩེ་གཅིག་ཏུ་བྱ་བས། རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པས། རྣམ་པར་གྲོལ་བའི་ཚུལ་སྟོན་པའོ།།
99a4 གཞན་ཡང་གསུམ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ།། དེ་ལ་གཏོང་བ་ནི་རིན་པོ་ཆེ་ཐམས་ཅད་ཡོངས་སུ་གཏོང་བའོ།། གཏོང་བ་ཆེན་པོ་ནི་ཆུང་མ་དང
99a5 བུ་དང་། བུ་མོ་ཡོངས་སུ་གཏོང་བའོ།། ཤིན་ཏུ་གཏོང་བ་ནི་ལག་པ་དང་། རྐང་པ་དང་། མིག་དང་། མགོ་ཡོངས་སུ་གཏོང་བའོ།། གཞན་ཡང་གསུམ་སྟེ། དམ་པའི་ཆོས་ཡོངས
99a6 སུ་འཛིན་པ་དང་། ཆོས་སྨྲ་བ་ཡོངས་སུ་འཛིན་པ་དང་། རེག་པ་ཆེན་པོ་ཡོངས་སུ་འཛིན་པའོ།། གཞན་ཡང་གསུམ་སྟེ། འཁོར་བ་རྒྱུན་མི་གཅོད་པ་དང་། འཁོར་བའི་སྐྱོན་ཁོང་དུ་ཆུད
99a7 པ་དང་། འཁོར་བའི་སྐྱོན་ཡོངས་སུ་སྤོང་བའོ།། གཞན་ཡང་གསུམ་སྟེ། སྒྲིབ་པ་དང་བྲལ་བའི་སེམས་ཀྱིས་ཆོས་ཉན་པ་དང་། ཀུན་ནས་ལྡང་བ་མེད་པའི་སེམས་ཀྱིས་ནང་དུ་ཡང་དག་འཇོག
iiif viewer powered by OpenSeadragon
98b - 99b