| | e-texts navigator
|
83b1 པོ་ཡང་གཞན་དུ་འགྱུར་རོ།། བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་འགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ང་བྱང་ཆུབ་ཀྱི་སྙིང་པོའི་ངོ་བ་ཞི
83b2 རྗེས་སུ་ཞུགས་པའི་ཕྱིར། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གོ།། ངའི་ངོ་བོ་ཉིད་གང་ཡིན་པ་དེ་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་ཉིད་དེ། བྱང་ཆུབ་ཀྱང་དེའི་ངོ་བོ་ཉིད། སེམས་ཅན་ཐམས་ཅད་ཀྱང་དེའིངོ
83b3 བོ་ཉིད། ཆོས་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད་དེ། འཇམ་དཔལ་བྱང་ཆུབ་ཀྱི་སྙིང་པོར་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི་ངོ་བོ་ཉིད་གཅིག་པའོ།། རོ་གཅིག་པའོ།། མངོན་པར་རྫོག
83b4 པར་སངས་རྒྱས་ནས་ཀྱང་། དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་སྙིང་པོ་ལས་རྣམ་པར་གྲོལ་བའི་ཆོས་གང་ཡང་མ་གཟིགས་སོ།། བྱང་ཆུབ་མཉམ་པ་ཉིད་པས། ཆོས་ཐམས་ཅད་མཉམ་པ
83b5 མངོན་པར་རྫོགས་པར་རྒྱས་སོ།། མཉམ་པ་ཉིད་ནི་ཆོས་གང་གི་གྲངས་སུ་འགྲོ་བ་ཡང་མ་ཡིན་ཏེ། གྲངས་མེད་པ་གྲངས་དང་བྲལ་བའོ།། དེ་ཅིའི་ཕྱིར་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ཞེས་བྱའོ།།
83b6 འཇམ་དཔལ་དེ་བཞིན་གཤེགས་པ་ནི་འདུས་ཐོབ་པ་སྟེ། འདུས་བྱས་ཐམས་ཅད་ལ་ཤིན་ཏུ་འདས་སོ།། འཇམ་དཔལ་གང་དག་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་མོས་པ་དེ་དག་ཐམས་ཅད་དེ་བཞིན།།
83b7 གཤེགས་པའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་བར་འགྱུར་རོ།། རྣམ་པར་གྲོལ་ནས་ཆོས་ཉིད་དེ་ལས་འདའ་བར་མི་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་གང་དག། བྱང་ཆུབ་སེམས
iiif viewer powered by OpenSeadragon
83a - 84a