| | e-texts navigator
|
58a1 རྒྱ་མཚོ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན
58a2 བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ།། ལེ་ལོ་ཅན་རྣམས་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་།། ལེ་ལོ་ཅན་ལ་སྦྱིན་པ་མེད་དོ།། ལེ་ལོ་ཅན་ལ་ཚུལ་ཁྲིམས
58a3 མེད་དོ།། ལེ་ལོ་ཅན་ལ་བཟོད་པ་མེད་དོ།། ལ་ལོ་ཅན་ལ་བརྩོན་འགྲུས་མེད་དོ།། ལེ་ལོ་ཅན་ལ་བསམ་གཏན་མེད་དོ།། ལེ་ལོ་ཅན་ལ་ཤེས་རབ་མེད་དེ།། ལེ་ལོ་ཅན་ལ་བདག་གི་དོན་མེད་དོ།། ལ་ལ།
58a4 ཅན་ལ་གཞན་གྱི་དོན་མེད་དོ།། བློ་གྲོས་རྒྱ་མཚོ་རྣམ་གྲངས་འདིས་འདི་ལྟར་ཇི་ལྟ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ
58a5 མ་ཡིན་པ་དེ་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན་གྲངས་མེད་པ་མདུན་པར་གྱུར་པ་དེའི་ཚེ་དེའི་དུས་ན།། བསྐལ་པ་མེ་ཏོག་གི་འབྱུང་གནས་ལེ་ཤིན་ཏུ་རྣམ
58a6 པར་བལྟས་པའི་འཇིག་རྟེན་གྱི་ཁམས་སུ་བཅོམ་ལྡན་འདས་བརྩོན་འགྲུས་འབར་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ
58a7 ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།།
iiif viewer powered by OpenSeadragon
57b - 58b